འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་ཁྱད་ལྡན་ལག་ཤེས་བཟོ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས“སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་དང་། རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ། ཐོན་རྫས་དང་ཡུལ་སྐོར་ཟུང་འབྲེལ”བཅས་ཀྱི་བླང་བྱ་གཞིར་བཟུང་རྩེ་རིམ་ཇུས་འགོད་དང་། ཕྱི་ཕྱོགས་དང་སྤེལ་རེས། ཐོན་ལས་མཉམ་འདྲེས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞོལ་ནས་བྱ་ཐབས་དངོས་འདོན་པ་དང་ཕན་འབྲས་ཐོབ་པར་བྱས་པས་ཇོ་མོ་གླང་མའི་ཁྱད་ལྡན་ལག་ཤེས་བཟོ་ལས་དེ་གཞི་ཁྱོན་ཅན་དང་སྤུས་རྟཌ་ཅན་གྱི་ཁྲོད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད་པ་རེད།
            དཔལ་འབྱོར་གྱི་བསྡོམས་འབོར་ཐད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི་སྟོང་ལས་བརྒལ་མཁན་ཁེ་ལས་ལྔ་ཡོད་ཅིང་། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.2ཟིན་པ་དེ་དུས་མཚུངས་ལས་17%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་2584ཟིན་ཡོད། སྤུས་ཚད་སྤུས་རྟགས་ཐད། མིག་སྔར་གྲོང་ཁྱེར་ཡོངས་སུ་མི་རིགས་ལག་ཤེས་བཟོ་ལས་ཁྱབ་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་དང་སྤུས་རྟགས་གྲངས་འབོར་བདུན་ཡོད། གནད་སྨིན་དབུལ་སྐྱོར་ཐད། གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ཁྱད་ལྡན་ལག་ཤེས་བཟོ་ལས་རྣམ་གྲངས་36གཉེར་བ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.73བཏང་ཡོད་ལ་མི་5330ལ་ཕན་པ་ཐོབ་ཡོད། གཙོ་གནད་ལྟ་ཞིབ་ཚད་ལེན་ཁེ་ལས་20ཡིས“རྩལ་ནུས་གསོ་སྦྱོང+རྒྱུ་ཆ་མཁོ་སྤྲོད+ཚད་གཞི་གཅིག་གྱུར”བཅས་ཀྱི་ཞིང་འབྲོག་དུད་ཚང་གི་མངགས་ཉོའི་བྱེད་ཐབས་སྤྱད་པར་བརྟེན་མི་765ལས་ཞུགས་ཐུབ་པ་དང་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4000བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།