འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲོན་དངུལ་མང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་གསར་འགོད་པར་ཀོང་ཏུང་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། གཞི་རིམ་གྱི་རྨང་གཞི་འགན་ལེན་འདུ་འགོད་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཏེ་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཀོང་ཏུང་ཞིང་ཆེན་གྱིས་《ཀོང་ཏུང་ཞིང་ཆེན་གྱི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར(2018ལོ་ནས་2020ལོའི་བར)》གཞིགས་ཏེ། ད་བར་བཏང་བའི་གཞི་ཁྱོན་གྱི་རྨང་གཞིའི་ཐོག་2018ལོ་ནས་2020ལོའི་བར་གྱི་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་71བཀོད་སྒྲིག་བྱས་པ་དེ་98.61%འཕར་ཡོད་པ་རེད།
             ཀོང་ཏུང་ཞིང་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཀོང་ཏུང་གི་ཤར་རྒྱུད་དང་། ནུབ་རྒྱུད། བྱང་རྒྱུད་བཅས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་14དང་ཅང་མོན་ཐའེ་ཧྲན་གྲོང་ཁྱེར་དང་། ཁའེ་ཕིང་གྲོང་ཁྱེར། ཨེན་ཕིང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་ཁ་གསབ་མི་གྲངས་དེ་སྔའི་གྲོང་ཚོ་རེར་མི་5ནས་མི་7བར་ལེགས་སྒྲིག་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་ཁ་གསབ་ཐོབ་ཐང་འགན་ལེན་དོན་འཁྱོལ་ཏན་ཏིག་བྱས་པ་དང་ཆབས་ཅིག གཞི་རིམ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་བྱེད་པའི་ཐོབ་ཐང་རྒྱུན་ལྡན་ལྟར་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གྲོང་ཚོའི“ཨུ་ལྷན་གཉིས”ལས་བྱེད་པའི་ཁ་གསབ་སྔར་བས་མཐོ་རུ་བཏང་བ་རེད།
            དེ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་གྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོའི(སྡེ་ཁུལ)གཞུང་དོན་སྒྲུབ་པའི་ཁ་གསབ་གྲོན་དངུལ་གྲོང་ཚོ(སྡེ་ཁུལ)རེར་ལོ་རེར་སྒོར་ཁྲི་10བར་མང་དུ་བཏང་བ་དང་། དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་གྲོང་ཚོ་རེར་ལོ་རེར་སྒོར་ཁྲི་6གི་ཚད་གཞི་གཞིར་བཟུང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲོན་དངུལ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་ཐད་སྤྱད་པ། དེ་དང་ཆབས་ཅིག་ཀོང་ཏུང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་འདུ་འགོད”ལག་བསྟར་བྱས་ཏེ་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་རྗེས་བྱ་དགའི་གྲོན་དངུལ་བཀོད་སྒྲིག་བྱས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་སྐུལ་ལྕག་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ལོ་འཁོར་གྱི་ལས་རྗེས་བྱ་དགའི་དངུལ་སྤྲོད་པ། ཀོང་ཏུང་ཞིང་ཆེན་ནོར་སྲིད་ཀྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ལས་ཐོག་སློབ་ཆེན་ཐོན་པའི་གྲོང་དཔོན་ལ་མུ་མཐུད་ཁ་གསབ་སྤྲོད་པ་དང་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”སུ་ལས་འགན་གཙོ་བོ་འཁུར་ནས་ལོ་15སོང་བ་དང་ལས་འགན་འཁུར་རིང་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཡང་ན་གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གྱི་ཀྲུའུ་རེན་ལ་ལོ་60ནས་ཚད་གཞི་གཞིར་བཟུང་སྲིད་གཞུང་གི་བྱ་དགའ་དང་ཕོགས་སྣོན་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།