འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འབྲེལ་ཡོད་རྒྱལ་ཁབ་སྨྱན་སྦྱོར་གྱི་འགན་འཁུར་བ་
    པེ་ཅིང་དུ་འཛོམས་ནས་རྟོག་ཞིབ་དང་སྤེལ་རེས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། “དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འབྲེལ་ཡོད་རྒྱལ་ཁབ་སྨྱན་སྦྱོར་གྱི་འགན་འཁུར་བའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར”ཞུགས་མཁན་སྨྱན་སྦྱོར་གྱི་འགན་འཁུར་བ་23པེ་ཅིང་དུ་ཡོང་ནས་བརྟག་ཞིབ་སློབ་སྦྱོང་བྱས་པ་མ་ཟད། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་སུ་ལྟ་སྐོར་ཡང་བྱས་པ་རེད། ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་ཞིག་རེད།
             ཉེ་ཆར། ཧྥ་རན་སེ་དང་། འཇར་མན། ཨུ་རུ་སུ། རྒྱ་གར། ཕ་ཁི་སི་ཐན། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཁ་ན་ཏ། ཨེ་ཅིབ་སོགས་རྒྱལ་ཁབ་18ཀྱི་སྨྱན་སྦྱོར་གྱི་འགན་འཁུར་བ་23གྱིས་ཤིན་ཅང་དུ་རྟོག་ཞིབ་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་དང་། རིག་གནས། མི་རིགས། ཆོས་ལུགས་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད། ཁོང་ཚོ་ཤིན་ཅང་དུ་དུས་ཡུན་ཉིན་5ཡི་བརྟག་ཞིབ་མཇུག་འགྲིལ་རྗེས་པེ་ཅིང་དུ་ཡོང་ནས་མུ་མཐུད་བརྟག་ཞིབ་དང་སློབ་སྦྱོང་བྱས་ཏེ། དེ་གའི་སྨྱན་སྦྱོར་གྱི་ལས་རིགས་གཅིག་པའི་བློ་མཐུན་ཚོ་དང་སྤེལ་རེས་གཏིང་ཟབ་བྱས་ནས་ད་རེས་ཀྱི་ཞིབ་འཇུག་ཟབ་སྦྱོང་ནང་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
            ཁེར་གྷི་སི་ཐན་གསར་འགྱུར་ཁང་གི་དབུ་བཞུགས་རྩོམ་སྒྲིག་པ་སི་ཏེ་ཁོ་ཕུའུ·ཨ་སི་ལན་ནི་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་པ་དང་། ཁོང་གིས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་སུ་ལྟ་སྐོར་བྱས་པ་མ་ཟད། ཀྲུང་གོའི་སྨྱན་སྦྱོར་གྱི་ལས་རིགས་གཅིག་པ་དང་སྤེལ་རེས་བྱས་རྗེས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭས་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་བྱེད་པའི་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས་བྱུང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་དབར་གྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། འཚོ་བ་སྐྱེལ་སྟངས་སོགས་ཀྱི་ཐད་ཕན་ཚུན་ཤེས་རྟོགས་ཐུབ་་རྒྱུའི་རེ་བ་ཡོད་ཅེས་བཤད།
            ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་2012ལོ་ནས་བཟུང་འབྲེལ་ཡོད་རྒྱལ་ཁབ་སྨྱན་སྦྱོར་གྱི་འགན་འཁུར་བའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དུས་ཐེངས་7བསྟུད་མར་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།