འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་འགོ་ཁྲིད་མི་སྣས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་
    བང་སོར་མེ་ཏོག་ཕྲེང་བ་ཕུལ་བར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྲའོ་ཞན་གྱི་འགོ་ཁྲིད་མི་སྣས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་
བང་སོར་མེ་ཏོག་ཕྲེང་བ་ཕུལ་བར་བསྐྱོད་པ།
           མི་དམངས་དྲ་བའི་འཕྲིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་27ཉིན་མཁོ་འདོན་བྱས་པའི་པར་ལས་མངོན་གསལ། ཕིང་ཨན་ནན་ཏའོ་ཧུའེ་ཚང་ཅུན་དུ་གནས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན(དཀྱིལ)གྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་མྱ་ངན་ཞུས་པ་རེད།
             ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱི་མེས་རྒྱལ་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་65འཁོར་བའི་མཚམས་འདིར། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་ཕིང་ཨན་ནན་ཏའོ་ཧུའེ་ཚང་ཅུན་དུ་གནས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་ཕྲེང་བ་ཕུལ་བ་དང་འབྲེལ་དང་བླངས་དམག་གི་བྱས་རྗེས་རླབས་ཆེན་དང་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།