འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ལ་ཕ་ན་མའི་མིས་བཟོས་གཙང་པོ་སྒྲོལ་བའི་ཟམ་ཆེན་འཛུགས་སྐྲུན་རྣམ་གྲངས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གྲོང་ཁྱེར་ཕ་ན་མ་ནས་གནས་ཚུལ་སྤེལ་བར། ཉིན་ཤས་གོང་ཕ་ན་མ་སྤྱི་པའི་ལས་གྲྭ་པུས་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་གོ་མཚོ་ཁུག་ལས་གྲྭ་འགན་འཁྲི་ཚད་ཡོད་ཀུང་སིའི་མཉམ་གཉེར་ཚོགས་པར་ཕ་ན་མ་མིས་བཟོས་གཙང་པོའི་ཟམ་པ་བཞི་པའི་འཛུགས་སྐྲུན་རྣམ་གྲངས་རག་པ་དང་སྒྲུབ་འགན་ཐོབ་པའི་གན་རྒྱར་ཨ་སྒོར་དུང་ཕྱུར་14.2ཟིན་གྱི་ཡོད།
              ཕ་ན་མའི་སྤྱི་པའི་ལས་གྲྭ་པུས་ཚེས་27ཉིན། ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་གོ་མཚོ་ཁུག་ལས་གྲྭ་འགན་འཁྲི་ཚད་ཡོད་ཀུང་སིའི་མཉམ་གཉེར་ཚོགས་པར་སྐར་གྲངས་བསྡོམས་འབོར་ཨང་དང་པོ་ཡི་ཐོག་ནས་ཕ་ན་མ་མིས་བཟོས་གཙང་པོའི་ཟམ་པ་བཞི་པའི་གན་རྒྱ་རག་ཅིང་། འདི་ནི་འབྱུང་འགྱུར་ལོ་འགའ་རིང་ཕ་ན་མ་དང་ཐ་ན་མེ་གླིང་དབུས་མར་དོ་ཁུར་ཆེན་པོ་བྱེད་པའི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་མེ་གླིང་ས་ཁུལ་དུ་སྒྲུབ་འགན་བླངས་པའི་ཟམ་པ་ཆེ་ཤོས་ཀྱི་རྣམ་གྲངས་རྐྱང་པ་ཞིག་ཀྱང་ཡིན་པའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།