འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བརྩམས་ཆོས་བོད་ལྗོངས་མངའ་རིས་སུ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། དེང་རབས་ཀྱི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་‘སྨན་གསར་ལུགས’ཀྱི་ཐང་ག་བརྒྱ་བོད་ལྗོངས་ནང་ཁུལ་དུ་སྐོར་འགྲེམས་བྱེད་པའི་མངའ་རིས་འགྲེམས་སྟོན”བོད་ལྗོངས་མངའ་རིས་ས་ཁུལ་གྱི་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་དུས་ཡུན་ཉིན་7ཡིན་པ་དང་། དེའི་རིང་སྨན་གསར་ལུགས་ཀྱི་སྤུས་དག་ལག་བྲིས་ཐང་ག་དང་འཚེམ་དྲུབ་ཐང་ག་འགྲེམས་སྟོན་བྱེད་པ་ཕུད། ད་དུང་ཐང་ག་བཞེངས་པའི་སྒྱུ་རྩལ་དང་། ལོ་རྒྱུས་པར་རིས། ཆེད་དོན་བརྙན་ལམ་སོགས་བྱ་ཐབས་སྣ་མང་ལ་བརྟེན་ནས་ཁྱོན་ཡོངས་ནས་འགྲེམས་སྟོན་དང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་འགྲེམས་ཧྲིལ་པོའི་དུས་ཡུན་ལོ་2ཡིན་པ་སྟེ། 2018ལོའི་ཟླ་3པ་ནས་2019ལོའི་ལོ་མཇུག་བར་ཡིན་པ་རེད། སྐོར་འགྲེམས་དུས་ཚོད་ཐེངས་7བཀོད་སྒྲིག་བྱས་པར་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཡོངས་ལ་ཁྱབ་རྒྱུ་དང་རྣམ་གྲངས་ཀྱི་འགྲེམས་སྟོན་དང་པོ་འདི་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་གཉེར་བ་དང་རྣམ་གྲངས་མཇུག་འགྲིལ་སྐོར་འགྲེམས་2019ལོའི་ལོ་མཇུག་གོང་གཞིས་རྩེའི་ཇོ་མ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།