འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ལྷོ་ཁས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ།
             མི་དམངས་དྲ་བའི་འཕྲིན། དུས་ཡུན་རིང་པོའི་ནང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས“བཀག བརྟན། བཟོ། འདེབས”སོགས་བྱེད་ཐབས་དོན་འཁྱོལ་བྱས་པ་བརྒྱུད་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་གླིང་འཛུགས་སྐྲུན་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་སོགས་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་བཏོད་པ་རེད། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགྱུར་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་དང་གཙོ་བོ་བྱེ་ས་དང་བྱེ་ཁོངས་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅིང་། གོང་གི་པར་རིས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་ཀླུང་གཙང་པོའི་ངོགས་སུ་མི་ཐབས་ལ་བརྟེན་ནས་ནགས་གསོ་བྱས་པའི་ཁུལ་གྱི་ཟུར་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།