འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ས་སྐྱ་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་
    ལས་དོན་གནད་བསྡུས། འདོན་ཐེངས། 45 

    དབུལ་སྐྱོར་གནས་སྤོས་དམངས་འཚོ་ཕྱུག གནས་སྤོས་དགའ་སྤྲོས་ཏང་དྲིན་འཚོར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ས་སྐྱ་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་
ལས་དོན་གནད་བསྡུས། འདོན་ཐེངས། 45
         མི་དམངས་དྲ་བའི་འཕྲིན། ས་སྐྱ་རྫོང་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་འཚོར་ཞིང་སྡོད་ཁང་གསར་པའི་བདེ་སྐྱིད་ལོངས་སུ་སྤྱོད།
         དབུལ་སྒྲོལ་འགག་སྒྲོལ་གྱི་དམག་ཐབས་ཁྱོན་ཡོངས་ནས་བརྒྱབ་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་བྱས་ནས་གནད་འཕིགས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཁག་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་སྒྲོག་ནང་དོན་དང་དེ་བས་བཟུང་འབྲེལ་དམ་ཟབ་ཡོང་བ་བྱས་ཏེ། དབུལ་སྐྱོར་གྱི་སྦྲང་ཆར་ཟིལ་མ་དཀའ་ངལ་ཡོད་པའི་མང་ཚོགས་ཡོངས་ལ་གསོས་སུ་སྨིན་པ་དང་དབུལ་སྒྲོལ་གྱི་མེ་ཏོག་ས་སྐྱའི་གྲོང་གསེབ་ཀྱི་རིག་ཀླུང་ཀུན་དུ་བཞད་པ་བྱེད་ཅིང་ཡོད། 
         བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་ཀྲུང་དབྱངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་བཞག་ལེགས་འགྲུབ་ཡོང་ཆེད། ཉེ་དུས །ས་སྐྱ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་ཐབས་ཁྱོན་ཡོངས་ནས་སྤེལ་བ་དང་མ་འོངས་པའི་དམག་ཐབས་ཇུས་གཞི་གཏིང་ཟབ་ངང་བཟོས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་བསྐྱོད་ཐུབ་པའི་འཆར་གཞི་ནན་པོ་བཟོས་ཡོད། 
         གཅིག ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་གྱི་དབུལ་སྒྲོལ་འགག་སྒྲོལ་པ་རྣམས་ཁྲོམ་མདའ་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་བྱབ་པ། དེའི་སྔ་དྲོ། དགེ་སྡིངས་གྲོང་རྡལ་ཁྲོམ་མདའ་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་གནས་སྤོས་པ་བཀྲ་ཤིས་ཀྱི་གདོང་ནས་འཛུམ་གདངས་བཏོན་ཞིང་། ལུས་ལ་ཟབ་འཆོར་ལེགས་པར་སྤྲད་ནས་རང་ཁྱིམ་གྱི་འདྲུད་འཐེན་འཁོར་ལོའི་སྟེང་དུ་ཁྱིམ་ཆས་རྣམས་བླུགས་ཡོད་པ་དང་། དེའི་རྩེ་མོར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་གཉིས་ཀྲོང་ངེར་གཟེར་ཞིང་འཁྱིལ་དུ་གཙོ་འཛིན་ལྔ་པོའི་སྐུ་པར་དང་ཀྲུ་ཞི་ཞི་ཅིན་ཕིང་གི་སྐུ་པར་གཉིས་ལ་ཁ་བཏགས་སྒྲོན་ཏེ་འགྱིང་ངེར་བཞེངས་ནས་རང་ཁྱིམ་གསར་པའི་མདུན་དུ་གླུ་སྒྲ་དང་མ་འོངས་ཀྱི་འཚོ་བར་འབྱོར་ཕྱུག་གི་རེ་བས་ཁེངས་ནས་སླེབས། བཀྲ་ཤིས་ཀྱིས་བཤད་དོན། རི་ཁུག་ནས་ཁང་པ་ཡག་པོ་འདི་འདྲར་སྤོ་རྒྱུ་བྱུང་བ་ནི་ཏང་གི་བཀའ་དྲིན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གི་བཀའ་དྲིན་ཡིན། འདི་འདྲའི་ཁང་པར་སྤོས་པ་ནི་དེ་སྔོན་རྨི་ལམ་དུ་ཡང་རྨིས་མྱོང་མེད། ད་ཡིན་ན། རང་ཉིད་ཀྱི་སྡོད་ཁང་ནི་གྲོང་ཁྱེར་ནང་གི་ཨར་འདམ་ཁང་པ་དང་གཅིག་མཚུངས་ཡིན་ཙང་དཀར་ཆ་དོད་ལ་ཆ་རྐྱེན་ལེགས་པ། འགྲིམ་འགྲུལ་སྟབས་བདེ་བ་བཅས་འདུག་ཟེར་བཞིན་ཨམ་ཁུག་ནས་དཀར་གཙང་གི་ཁ་བཏགས་གཅིག་བཏོན་ནས་རང་ཁྱིམ་གསར་པའི་སྒོར་བཏགས་པ་དང་། བཀྲ་ཤིས་དང་ཁོ་པའི་མནའ་མས་འདྲུད་འཐེན་འཕྲུལ་འཁོར་སྟེང་གི་གཙོ་འཛིན་ལྔ་པོའི་སྐུ་པར་དང་ཀྲུ་ཞི་ཞི་ཅིན་ཕིང་གི་སྐུ་པར་འཁྱེར་ནས་བཀྲ་ཤིས་སྨོན་ཚིག་སྒྲོག་གིན་ཁང་པའི་ནང་དུ་འཛུལ། དེའི་ཉིན་དགེ་སྡིངས་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་བཅུ་གསུམ་ནས་ཡོང་བའི་ཁྱོན་སྡོམས་དུད་ཁྱིམ176གནས་སྤོས་བྱས་པ་དང་མི་གྲངས་766ཟིན་ཡོད། 
         གཉིས། ས་སྐྱ་རྫོང་རྨ་བྱ་ཤང་ཕུ་དམར་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་མི་རྣམས་གླང་ཆེན་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་བྱས་པ། ཤར་རི་ལྷུན་པོའི་ཉི་གསེར་གཙང་གི་འབྲས་ལྗང་སྤུན་བདུན་གྱི་རི་རྩེ་ནས་བརྒྱུད་དེས་རྨ་བྱ་ཤང་གླང་ཆེན་གྲོང་ཚོར་གསར་དུ་བརྒྱབ་ཟིན་པའི་སྟར་པ་སྒྲིག་ལ་དཀར་ཆ་དོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཁང་པར་འཕྲོས། ཁང་པ་མི་རེ་ངོ་རེའི་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན། ཕུ་དམར་གྲོང་ཚོའི་ཡུལ་མི་རྣམས་ལ་བསུ་བ་བྱེད་པ་དང་མཚུངས། གནས་སྤོས་རུ་སྟར་སྒྲིག་པའི་སྡོད་ཁང་ནང་དུ་རང་རང་གི་ཁྱིམ་ཆས་རྣམས་གྲལ་སྟར་སྒྲིག་པོས་བཟོ་བ་དང་གྲོང་པ་ཕན་ཚུན་གྲོ་སོ་ཕྱེ་མར་འཁྱེར་ནས་བཀྲ་ཤིས་སྨོན་འདུན་ཞུ་བཞིན། མཆོད་ཆང་སྦྲང་རྩིའི་སྙིང་ཁུ་བསྟེགས་ནས་གུང་ཁྲན་ཏང་ལ་བསྟོད་གླུ་འབུལ་ཀྱིན་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དགོངས་པ་ལ་སློབ་སྦྱོང་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེའི་ཞོགས་པ་ཕུ་དམར་གྲོང་ཚོའི་གནས་སྤོས་དུད་ཁྱིམ་28དང་མི་གྲངས176བདེ་ལེགས་ངང་གླང་ཆེན་གྲོང་ཚོར་གནས་སྤོས་བྱས་པ་རེད། གནས་སྤོས་པ་བུ་ཟླ་བས་བཤད་དོན། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱངས་ཀྱི་བཀའ་དྲིན་འོག ང་ཚོ་དབུལ་པོ་ཚོར་སྡོད་ཁང་མེད་པར་སྡོད་ཁང་གནང་བ་དང་ལས་ཀ་མེད་པར་ལས་ཀ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཡང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་གྱི་ནང་དོན་ནང་བཞིན་ལག་གཉིས་ལ་བརྟེན་ནས་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་ནས་དུས་ནམ་ཡང་ཏང་གི་བཀའ་དྲིན་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་གྱི་མང་ཚོགས་ཡག་པོ་ཞིག་བྱེད་རྒྱུ་ཡིན་ཞེས་བཤད། 
          མདོར་བསྡུས་ན། འདས་པའི་ལོའི་ནང་ས་སྐྱ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་ཐབས་ལེགས་པོ་བརྒྱབ་ཅིང་། གྲུབ་འབྲས་ཀྱང་ཆུང་ཙམ་ཐོབ་ཡོད། འོན་ཏེ། ད་ལྟའི་གྲུབ་འབྲས་ནི་ཆེས་མཐའ་མའི་གྲུབ་འབྲས་ལ་མ་འཛིན་པར་དེ་བས་རྒྱལ་ཁ་ཆེན་པོ་ཐོབ་ཆེད། ས་སྐྱའི་མང་ཚོགས་ནས་གཙོས་པའི་གོང་འོག་མཐུན་སྒྲིལ་དམ་ཟབ་ཀྱིས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་ཞེས་པ་ལྟར། རང་ནུས་གང་ཡོད་ཀྱིས་ལེགས་སྐྱེས་འབུལ་ནས་ཡིད་འོངས་དཔལ་ལྡན་ས་སྐྱ་འཛུགས་བསྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་ལ་རྨང་གཞི་ཡང་སྲ་བརྟན་གཏིང་ཡོད། 
         ས་སྐྱ་རྫོང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས། 
      

    ཕྱོགས་བསྡུས་གསར་འགྱུར།