འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་འདམ་སོལ་འདམ་རྫབ་ཀྱི་ཐཱན་མཛོད་ལ་བརྟག་དཔྱད་ཐེངས་དང་པོ་
    བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། མཚོ་སྔོན་ཞིང་ཆེན་འདམ་སོལ་འདམ་རྫབ་ཀྱི་ཐཱན་མཛོད་ལ་བརྟག་དཔྱད་བྱེད་འགོ་ཚུགས་པའི་ཚོགས་འདུ་དང་གསོ་སྦྱོང་འཛིན་གྲྭ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་འདམ་རའི་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་ཚེས་25ཉིན་འདམ་སོལ་འདམ་རྫབ་ཀྱི་ཐཱན་མཛོད་བརྟག་དཔྱད་བྱེད་འགོ་བཙུགས་ནས། རང་རྒྱལ་གྱི་འདམ་སོལ་འདམ་རྫབ་ཀྱི་ཐཱན་མཛོད་ཀྱི་ད་ལྟའི་གནས་ཚུལ་རྩད་ཆོད་མཐའ་གསལ་བྱས་ཏེ་འདམ་རས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་གཞི་རྩའི་གྲངས་གཞི་དང་ཐབས་ཇུས་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
         འདམ་སོལ་འདམ་རྫབ་ནི་ས་གཤིན་གཤགས་ངོས་སུ་འདམ་སོལ་ཡོད་པའི་འདམ་རྫབ་ལ་ཟེར། སྤྱིར་བཏང་སྐྱེ་ལྡན་ཐཱན་འདུས་ཚད་12%ལས་མང་བའི་ས་རྒྱུའི་རིགས་ལ་འདམ་སོལ་འདམ་རྫབ་ཅེས་ཟེར་ཞིང་། དེ་ནི་འདམ་རའི་ཐོན་ཁུངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་སྐམ་སའི་སྣོད་བཅུད་མ་ལག་གི་ཐཱན་མཛོད་གལ་ཆེན་ཞིག་ཡིན། འདམ་སོལ་འདམ་རྫབ་ཀྱིས་དབྱང་གཉིས་ཐཱན་འགྱུར་ལྟ་བུའི“དྲོད་ཁང་རླངས་གཟུགས”བསྡུ་ལེན་བྱེད་ཐུབ་པས“ཐཱན་བསྡུ་ལེན་ཡོ་བྱད”ཅེས་ཀྱང་ཟེར།
         མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་814ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ཁོངས་སུ་རྒྱལ་སྤྱིའི་འདམ་ར་གལ་ཆེན་3དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་19ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཨེན་ཀོང་གིས“དུས་ཡུན་རིང་པོའི་ནང་ང་ཚོས་འདམ་རའི་ཐོན་ཁུངས་ནང་གི་རིན་ཐང་ཆེ་ཤོས་ལྡན་པའི་འདམ་སོལ་ཐོན་ཁུངས་ཀྱི་གྲངས་གཞིར་རྒྱུས་མངའ་ལོན་ཚད་མ་འདང་བས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་ཐུབ་མེད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།