འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ལ་གེགས་སེལ་དངུལ་སྒོར་ཁྲི་9600སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཉེ་ཆར་ཀན་སུའུ་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ས་གཤིས་གནོད་འཚེ་ཚབས་ཆེན་གྱི་གེགས་སེལ་དངུལ་སྒོར་ཁྲི་9600སྤྲད་པ་དེ་དག་ཀན་སུའུ་ཞིང་ཆེན་གྱི་ཟླ་7པ་ཚུན་གྱི་སྡེབ་བྱུང་རང་བཞིན་གྱི་ས་གཤིས་གནོད་འཚེའི་འཕྲལ་སྡོམ་གེགས་སེལ་ལས་དོན་ཐད་སྤྱོད་རྒྱུ་རེད།
         འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གེགས་སེལ་དངུལ་དེ་དག་གཙོ་བོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གི་གཙང་ངོགས་བྲག་རྡོ་རིལ་བའི་ཉེན་སྐྱོབ་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དེའི་ནང་གེགས་རྗེས་མི་སྣ་འཚོལ་སྐྱོབ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། མི་སྣ་འཆི་རྨས་ཐེངས་གཉིས་པ་མ་བྱུང་སྔོན་འགོག་བྱ་རྒྱུར་སྤྱད་པའི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། ཉེ་འཁོར་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཛ་དྲག་ངང་མི་སྣ་ཁ་འགྲེམས་གནས་སྤོ། ཉེན་ཁ་ལས་གཡོལ་བ། གནས་སྐབས་བཅོས་སྒྲིག་བྱ་ཐབས། ས་གནས་ས་ཐོག་གི་འགྲིམ་འགྲུལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འཕྲིན་གཏོང་འགན་ལེན་སོགས་ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་དོ་དམ་པུས་དེ་གོང་ཀན་སུའུ་ཞིང་ཆེན་གྱི་གཙང་ངོགས་ཀྱི་བྲག་རྡོ་རིལ་བ་སོགས་ཀྱི་ས་གཤིས་གནོད་འཚེའི་གནས་ཚུལ་དང་ཉེན་ཁའི་གནས་ཚུལ་ལ་དམིགས་ནས་ལས་དོན་ཚོགས་ཆུང་གནོད་འཚེ་ཐོན་ཡུལ་དུ་མངགས་གཏོང་བྱས་ཏེ་ས་གནས་ལ་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།