འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་24ཡི་རྒྱ་རིག་པ་མཁས་ཅན་གྱིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་
    40ལ་དམིགས་ཏེ་ཐུན་མོང་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་དབྱིན་ཇི་དང་། ཧོ་ལན། ཧྥ་རན་སེ། ཨ་རི། རྒྱ་གར་སོགས་རྒྱལ་ཁབ་24ཡི་རྒྱ་རིག་པ་མཁས་ཅན་དང་། ཀྲུང་གོའི་གནད་དོན་ཞིབ་འཇུག་རིགས་གཅིག་མཁས་ཅན། ཇུས་འདོན་ཚོགས་པའི་མཁས་དབང་བཅས་28པེ་ཅིང་དུ་འཛོམས་ནས་ཀྲུང་གོ་ཕྱོགས་ཀྱི་མཁས་དབང་དང་མཉམ་དུ“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40—ཀྲུང་གོ་དང་འཛམ་གླིང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་དང་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་པ་རེད།
          2018ལོའི“རྒྱ་རིག་པ་དང་དེང་རབས་ཀྱི་ཀྲུང་གོ”ཞེས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་ཕྱི་ཕྱོགས་འབྲེལ་གཏུག་ཅུས་ཀྱི་ཅུས་ཀྲང་ཤེ་ཅིན་དབྱིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་ཀྲུང་གོས་འཛམ་གླིང་དང་མཉམ་དུ་གཉིས་ཕན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད། རྒྱ་རིག་པ་མཁས་ཅན་གྱི་གྲོགས་པོ་ཚོས་རང་སོ་སོའི་ཆེད་ལས་ངོས་ནས་ཀྲུང་གོའི་འཕེལ་རྒྱས་ཐད་ཐབས་དང་ཇུས་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མིག་སྔའི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཁྲོད་གཉིས་ཕན་མཉམ་སྤྱོད་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ནི་གདམ་ག་ཡག་ཤོས་ཤིག་དང་། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་ཆའི་རང་བཞིན་གྱི་འགལ་བ་དང་གནད་དོན་མང་དག་ཅིག་ཐོན་བཞིན་ཡོད་པས་རྒྱལ་སྤྱིའི་མཉམ་ལས་སྔར་བས་གཏིང་ཟབ་དང་རྒྱ་ཆེ་སྤེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་ཚེ་གཞི་ནས་གཉིས་ཕན་མཉམ་སྤྱོད་མངོན་འགྱུར་ཐུབ་ནས་འཛམ་གླིང་ཤེས་དཔལ་ལ་ཕན་པ་བསྐྲུན་ཐུབ་པའི་ངོས་འཛིན་གནང་བ་རེད།
         ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུར“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40—ཀྲུང་གོ་དང་འཛམ་གླིང”ཞེས་པའི་བརྗོད་དོན་གཙོ་བོའི་འོག“ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་མདུན་ལམ་གསར་པ”དང་། “‘རྒྱུད་གཅིག་ལམ་གཅིག’དང་ཐུན་མོང་འཕེལ་རྒྱས”“ཀྲུང་གོའི་རིག་གནས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”བཅས་གྲོས་གཞི་ཁག་གསུམ་དུ་དབྱེ་ཡོད།
         2018ལོའི“རྒྱ་རིག་པ་དང་དེང་རབས་ཀྱི་ཀྲུང་གོ”ཞེས་པའི་བཞུགས་མོལ་ཚོགས་འདུ་དེ་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་ཕྱིའི་རིག་གནས་སྤེལ་རེས་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། 2013ལོ་ནས་ད་བར“རྒྱ་རིག་པ་དང་དེང་རབས་ཀྱི་ཀྲུང་གོ”ཞེས་པའི་བཞུགས་མོལ་ཚོགས་འདུ་སྐབས་དྲུག་པ་འཚོགས་ནས་རྒྱལ་ཁབ་56གི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་རྒྱ་རིག་པ་མཁས་ཅན་དང་མཁས་དབང་ཁྱོན་150ཞུགས་རྒྱུར་གདན་དྲངས་པ་མ་ཟད། རྒྱལ་ཁབ་ཁག་གི་ཀྲུང་གོའི་རིག་པ་ཞིབ་འཇུག་པ་དང་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་ལ་རིག་གཞུང་སྤེལ་རེས་དང་ཆ་འཕྲིན་སྦྲེལ་མཐུད་བྱེད་སའི་ཆེད་ལས་ཀྱི་ལས་སྟེགས་ཤིག་བསྐྲུན་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྩེར་སོན་བསམ་བློའི་རིག་གནས་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།