འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་ཅི་ལིན་དུ་བསྐྱོད་དེ་གྱོད་གཞི་བརྟག་
    དཔྱད་ཐག་གཅོད་བྱེད་པའི་ལས་དོན་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཁྲང་ཁྲུན་ཁྲང་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་གཞིའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་ཟླ་7ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚོགས་ཆུང་ཅི་ལིན་དུ་བསྐྱོད་དེ་ཁྲང་ཁྲུན་ཁྲང་ཧྲེང་གིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་གཞིར་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་རེད།
         ཟླ་7ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་པི་ཅིང་ཆོན་གྱིས་བརྟག་དཔྱད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་བརྟག་དཔྱད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “ནན་ཤོས་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་གྱོད་གཞི་བརྟག་དཔྱད་དང་། ཁྲིམས་འགལ་བར་ཆད་པ་གཅོད་པ། རྗེས་མཐུད་ཐག་གཅོད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མཐའ་གཅིག་ཏུ་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་གིས་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་དུས་བབ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་གཤམ་གསལ་ཕྱོགས་བདུན་གྱི་གཙོ་གནད་ལ་དམིགས་ནས་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནི་གྱོད་གཞི་དང་འབྲེལ་བའི་ཁེ་ལས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ཞིབ་བཤེར་དང་ཁྲིམས་འགལ་སྒྲིག་འགལ་གྱི་དོན་དངོས་དང་གྱོད་འབྲེལ་གྱི་རིམས་འགོག་སྨན་ཁབ་གང་དུ་བཏང་ཡོད་མེད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནི་ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་དང་གྱོད་འབྲེལ་ཁེ་ལས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཐད་ཀའི་འགན་འཁྲི་བ་སོགས་གྱོད་འབྲེལ་མི་སྣར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པ། གསུམ་ནི་གཞུང་ཞབས་མི་སྣས་འགན་འཁྲི་འཁུར་ཡོད་མེད་ལ་བརྟག་དཔྱད་བྱས་ཏེ་འགན་འཛོལ་འགན་ཤོར་གྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། བཞི་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁར་ཚོད་སྐོར་བྱས་ནས་ཞིབ་འཇུག་བྱས་པ་བརྒྱུད་རིགས་དབྱེ་ཐག་གཅོད་དང་རྒུད་སྐྱོབ་ཀྱི་བྱེད་ཐབས་འདོན་དགོས་པ། ལྔ་ནི་གྱོད་འབྲེལ་ཁེ་ལས་ཀྱི་རྗེས་མཐུད་ལས་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པ། དྲུག་ནི་སྤྱི་ཚོགས་ཀྱི་དོ་ཁུར་ལ་བསྟུན་ནས་དུས་ཐོག་ཏུ་གྱོད་གཞིའི་བརྟག་དཔྱད་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་དང་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་དགོས་པ། བདུན་ནི་རིམས་འགོག་སྨན་ཁབ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ལས་ཀའི་བྱེད་ཐབས་ཞིབ་འཇུག་བྱས་ཏེ་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད། ལས་ཀའི་དགོས་མཁོ་ལྟར་བརྟག་དཔྱད་ཚོགས་ཆུང་གི་འོག་ཏུ་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ཚོགས་ཆུང་། ཕྱོགས་བསྡུས་ཚོགས་ཆུང་། རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་སོགས་ལས་དོན་ཚོགས་ཆུང་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།