འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ”ཞེས་པའི་འགྲེམས་སྟོན་བྷེ་ཨུ་རུ་སུར་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་བྷེ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་གཉེར་བའི“ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ”ཞེས་པའི་འགྲེམས་སྟོན་ཚེས་25ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་ཡི་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་གི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད།
         ད་ཐེངས་ཀྱི་འགྲེམས་སྟོན་དེར་ཁྱོན་ལོ་རྒྱུས་ཀྱི་རིག་དངོས་ཁག་55དང་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་140ལྷག་ཙམ་སྟོན་ནས་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་མི་རིགས་བློས་གཏོང་ཆེན་པོ་བྱས་པ་དང་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་བ་དང་དུས་མཚུངས་འཛམ་གླིང་སྐྱེ་བོ་ཀུན་ལ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདུང་སེམས་མཉམ་སྐྱེ་རྒྱ་ཁྱབ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་འཛམ་གླིང་གི་ཞི་བདེ་དང་དྲང་གཞག་བྱ་གཞག་ལ་དགའ་པོ་བྱེད་མཁན་རྒྱལ་ཁབ་དང་མི་དམངས་མཐའ་དག་གི་ཐུན་མོང་གི་རྒྱལ་ཁ་ཞིག་ཡིན་པའང་གསལ་བཤད་བྱས་ཡོད།
         “ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ”ཞེས་པའི་འགྲེམས་སྟོན་དེ་རྒྱལ་སྤྱིའི་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་གི་མཐུན་ཚོགས་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་དྲན་གསོ་ཁང་དང་། བྷེ་ཨུ་རུ་སུའི་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་གི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་འགྲེམས་སྟོན་དེ་ཟླ་བ་གསུམ་རྒྱུན་མཐུད་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།