འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ས་སྐྱ་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་
    ལས་དོན་གནད་བསྡུས། འདོན་ཐེངས། 46

    ཤ་འབྲས་ནི་འཚོ་བའི་ཁྲོད་ཀྱི་ཞིམ་བཟས་ཤིག ཤ་འབྲས་ནི་ལག་ལེན་ཁྲོད་ཀྱི་ཐབས་ལམ་ཞིག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཁྲིད་སྟོན་ལྟར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཚོ་བའི་རིག་གནས་ལ་སློབ་སྦྱོང་བྱེད་པ་དང་ཁྱབ་སྤེལ་གཏོང་བ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བར་གསུངས་པ་བཞིན། བོད་མི་རིགས་ཀྱི་ཁྱད་ཆོས་ལྟར། གསོལ་ཇ་མངར་མོ་དང་བོད་ཐུག་ནི་ཇ་ཁང་གི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་སྲིད་ལ། དམངས་ཁྲོད་ཀྱི་ཁ་རྒྱུན་དུ་དར་བའི་གསུམ་དྲུག་དགུ་ནི་དེ་བས་བརྗོད་མི་དགོས་པ་ཞིག་ལགས། དེ་ཡང་། 369ཞེས་པའི་གྲངས་གནས་མཐོང་བ་ན་ང་ཚོའི་འཚོ་བའི་ཁྲོད་ཀྱི་བཟའ་རིགས་ཤིག་མིག་ལམ་དུ་ལྷང་ངེར་འཆར་ངེས་རེད། དེ་ནི་ང་ཚོ་མི་རེ་ངོ་རེས་ཤིན་ཏུ་རྒྱུས་མངའ་ཆེ་བའི་ཤ་འབྲས་ཀྱི་མིང་གཞན་ཞིག་ཏུ་གོ་བར་སྲིད། དེ་དང་དུས་མཚུངས། ས་སྐྱ་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པས་གོང་གི369དང་བསྟུན་ནས་སྒྲོག་འགྲེལ་སྤེལ་རྒྱུར་ཁྲིད་སྟོན་བྱས་པ་གཤམ་གསལ། 
            གཅིག སྒྲོག་འགྲེལ་གྱི་ནང་དོན་སྐར་མ30ལས་མི་བརྒལ་བར་བྱེད་དགོས་པ། སྔ་མོའི་གཏམ་དཔེར། ལྕང་རྒན་སྒྲོང་ན་ཆུང་ན་བཅོས། ཕོ་རབས་དགོས་ན་གཞོན་ནས་བཅུན། ཞེས་པ་ལྟར་། བྱ་བ་ཅི་རིགས་ཤིག་གྲུབ་དགོས་རུང་དང་ཐོག་མར་བསམ་བློའི་འཁོར་ཕྱོགས་དང་བཏང་ཕྱོགས་ནི་ལྟེ་བར་འཛིན་རྒྱུ་གལ་འགངས་ཤིན་ཏུ་ནས་ཆེ་བར་འདོད། དེ་ཡང་དེ་བཞིན་དུ། མི་སྒེར་རམ་སྲིད་གཞུང་ནས་ལས་བྱ་ཅི་རིགས་ཤིག་སྤེལ་རུང་། དང་ཐོག་མར་མི་སྒེར་རམ་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་ནི་ལྷད་མེད་ཞིག་དང་དཀར་གཙང་གི་ཤོག་བུ་སྟེང་དུ་བརྗོད་བྱ་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པའི་བསྟན་དོན་ཞིག་དགོས་པ་ཨ་ཅང་བརྗོད་མེད་རེད། ཡིན་ནའང་། འདས་པའི་ལོ་གཅིག་གི་ནང་དུ་སྒྲོག་འགྲེལ་གྱི་བྱ་བ་སྤེལ་བ་བརྒྱུད་སྒྲོག་འགྲེལ་གྱི་ནང་དོན་དང་སྒྲོག་འགྲེལ་གྱི་ཐབས་ཤེས། སྒྲོག་འགྲེལ་བྱ་ཡུལ་གྱི་དགོས་མཁོ་འཛིན་མི་ཐུབ་པར་བརྟེན་ནས་སྒྲོག་འགྲེལ་ལ་འབྲས་བུ་མི་ཐོན་པ་དང་ཆོ་མེད་ཀྱི་སྒྲོག་འགྲེལ། དུས་ཡུན་རིང་དྲགས་པའི་རྐྱེན་གྱིས་ཉོབ་པའི་སྒྲོག་འགྲེལ་སོགས་ཐོན་ཡོང་གི་ཡོད། དེས་ན་ས་སྐྱ་རྫོང་གིས་སྒྲོག་འགྲེལ་པ་ཡོང་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་ནང་དོན་ངེས་པར་དུ་ལྗོངས་དྲིལ་བསྒྲགས་པུའུ་ནས་བསྒྲིགས་པའི་སྒྲོག་འགྲེལ་གནད་བསྡུས་ཀྱི་ནང་དོན་གཞིར་བཟུང་བརྗོད་སྙིང་འབུར་དུ་ཐོན་ཐུབ་པ་དང་མང་ཚོགས་ཀྱི་འཚོ་བ་དངོས་དང་བཟུང་འབྲེལ་བྱས་ནས་ཆ་སྙོམས་སྐར་མ་30ལས་མི་བརྒལ་བ་བྱ་དགོས་པའི་བསླངས་བྱ་བསྟན་ཡོད། 
            གཉིས། སྒྲོག་འགྲེལ་བྱ་ཡུལ་པ་ངེས་པར་དུ་ལོ་རིམ་དྲུག་པའི་རིག་གནས་ཆུ་ཚད་དུ་འཛིན་དགོས། དེ་ཡང་ཁ་རྒྱུན་དུ་མདའ་མོ་འཕེན་པར་འབེན་པོ་འཚོལ་ཞེས་པ་ལྟར། སྤྱིར་གཞི་རིམ་གྱི་སྒྲོག་འགྲེལ་པ་དང་དྲྭ་ཐོག་གི་སྒྲོག་འགྲེལ་པ། རླུང་འཕྲིན་སྒྲོག་འགྲེལ་པ། བརྙན་འཕྲིན་སྒྲོག་འགྲེལ་པ། རྫོང་རིམ་པའི་སྒྲོག་འགྲེལ་པ། ཤང་གྲོང་རིམ་པའི་སྒྲོག་འགྲེལ་ཡོད་དོ་ཅོག་སྒྲོག་འགྲེལ་གྱི་ཉམས་མྱོང་ཡོད་པ། རིག་གནས་ཆུ་ཚད་ཀྱི་རྨང་གཞི་ཡོད་པ་བཅས་ལས་གྲུབ་པ་ཞིག་ཡིན་མོད། འོན་ཏེ་འདས་པའི་ལོ་གཅིག་གི་ནང་དུ་སྒྲོག་འགྲེལ་པའི་རིག་གནས་ཆུ་ཚད་མཐོ་སྐྱོན་དང་ཉན་མཁན་གྱི་རྙིང་བཅུད་བསྡུ་ལེན་མི་ཐུབ་པའི་ཆུ་ཚད་དམའ་སྐྱོན་བཅས་ཀྱི་འགལ་རྐྱེན་མི་ཉུང་བ་ཞིག་ཐོན་ནས་སྒྲོག་འགྲེལ་གྱི་ནང་དོན་དང་སྒྲོག་འགྲེལ་གྱི་ལས་ཀར་འབྲས་བུ་མི་ཐོན་པ་སོགས་ཀྱི་རྒྱུ་རྐྱེན་མི་ཉུང་བ་ཞིག་ཐོན་ཡོད། དེས་ན་ས་སྐྱ་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་བྱ་ཡུལ་གྱི་མང་ཚོགས་དམིགས་སར་འཛིན་ནས་སྒྲོག་འགྲེལ་གྱི་ནང་དོན་དང་སྒྲོག་འགྲེལ་བྱ་ཡུལ་གྱི་མི་སྣ་ཡོད་དོ་ཅོག་སློབ་ཆུང་ལོ་རིམ་དྲུག་པའི་ཡོན་ཚད་ལ་བཞག་ནས་སྒྲོག་འགྲེལ་བྱ་རྒྱུའི་བསླངས་བྱ་བསྟན་ཡོད། 
           གསུམ། སྒྲོག་འགྲེལ་པས་ངེས་པར་དུ་རང་ཉིད་ལོ་རིམ་དགུ་པའི་རིག་གནས་ཆུ་ཚད་དུ་འཛིན་དགོས། དེ་ཡང་། གཞན་སྐྱོན་འཚོལ་བར་མིག་ནང་གི་བལྟ་མོ་དང་། རང་འཚང་འཚོལ་བར་མེ་ལོང་གི་རི་མོ། ཞེས་པ་ལྟར་བྱ་བ་ཅི་རིགས་ཤིག་གྲུབ་རུང་རང་སྐྱོན་འཚོལ་དགོས་པ་ནི་ཕོ་རབས་ཤིག་གི་ཡོན་ཏན་ཡིན་ལ་འཇིག་རྟེན་སྟེང་གི་བྱ་བ་ཐམས་ཅད་ཀྱི་མིག་དཔེར་འགྱུར་ཡོད། འདས་པའི་ལོ་ཟླའི་ནང་དུ་སྒྲོག་འགྲེལ་གྱི་རིམ་པ་མི་འདྲ་བ་དང་དུས་ཚིགས་མི་འདྲ་བ། བྱེད་སྒོ་མི་འདྲ་བས་སྒྲོག་འགྲེལ་གྱི་ལས་བྱ་མི་ཉུང་བ་ཞིག་སྤེལ་ཡོད། འོན་ཏེ། དེའི་གྲུབ་འབྲས་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་དང་རྩྭ་ཐང་ཐོག་གི་རྩྭ་རྐང་ཙམ་གྱི་ནུས་པ་ལས་ཐོན་མེད། དེས་ན་ས་སྐྱ་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་བྱ་ཡུལ་གྱི་མང་ཚོགས་ལྟེ་བར་འཛིན་ཏེ། སྒྲོག་འགྲེལ་ཉན་མཁན་གྱི་རིག་གནས་ཆུ་ཚད་ཀྱིས་སྒྲོག་འགྲེལ་སྙིང་བཅུད་བསྡུ་ལེན་གྱི་ཐབས་ལམ་ལ་གཞིགས་ནས། ངེས་པར་སྒྲོག་འགྲེལ་པས་རང་ཉིད་སློབ་འབྲིང་ལོ་རིམ་དགུ་པའི་རིག་གནས་ཆུ་ཚད་དུ་འཛིན་ནས་རང་ཉིད་ཀྱི་ལོ་རིམ་དྲུག་པའི་སློབ་མ་རྣམས་ལ་སློབ་ཚན་ཁྲིད་པ་ལྟ་བུར་བྱ་དགོས་རྒྱུ་བསླངས་བྱ་བསྟན་ཡོད། 
         ས་སྐྱ་རྫོང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས། 
      

    ཕྱོགས་བསྡུས་གསར་འགྱུར།