འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།པའོ་ཏུན་གྱིས་ཨ་རི་དང་ཨུ་རུ་སུའི་ཙུང་ཐུང་བར་གྱི་ཐུག་འཕྲད་ཐེངས་གཉིས་པ་དེ་སང་
    ལོར་ཕྱིར་སྣུར་བྱས་ཡོད་ཟེར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པའོ་ཏུན་(John Robert Bolton)གྱིས། སྔོན་མའི་འཆར་གཞི་ལྟར་ན་ད་ལོའི་སྟོན་ཁར་ཨ་རི་དང་ཨུ་རུ་སུའི་ཙུང་ཐུང་ཐུག་འཕྲད་བྱེད་རྒྱུ་དེ་སང་ལོའི་བར་དུ་ཕྱིར་སྣུར་བྱས་པ་ཡིན་ཟེར།
         པའོ་ཏུན་གྱིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་དུ། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཁོང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བར་གྱི་ཐུག་འཕྲད་ཐེངས་གཉིས་པ་ནི་ཨ་རིས"ཨུ་རུ་སུར་ལྐོག་འབྲེལ་དོན་རྐྱེན་"བརྟག་དཔྱད་མཇུག་སྒྲིལ་རྗེས་སུ་སྤེལ་རྒྱུ་ཡིན་པར་བསྟན་ཞིང་། འབྲེལ་ཡོད་ཕྱོགས་ཀྱིས་ཀྱང་ཐུག་འཕྲད་ཐེངས་གཉིས་པ་དེ་སང་ལོར་སྤེལ་རྒྱུར་གྲོས་འཆམ་བྱུང་ཡོད་ཟེར།
         ཚེས་19ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གཏམ་བཤད་པ་སང་ཏེ་སི་ཡིས་སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཏུ་ཐེ་རོམ་ཕུ་ཡིས་པའོ་ཏུན་ལ་ད་ལོའི་སྟོན་ཁར་ཕུའུ་ཅིང་ཨ་རིར་འཚམས་འདྲི་ཡོང་རྒྱུ་གདན་འདྲེན་བྱ་དགོས་པའི་བླང་བྱ་བཏོན་པ་དང་། འབྲེལ་ཡོད་ཀྱི་དོན་དག་ད་ལྟར་གྲོས་མོལ་བྱེད་བཞིན་ཡོད་པ་བརྗོད།
        ཐེ་རོམ་ཕུ་དང་ཕུའུ་ཅིང་ཚེས་16ཉིན་ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁིར་མཇལ་འཛོམས་བྱུང་ཞིང་། འདི་ནི་ཐེ་རོམ་ཕུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་བཞེས་རྗེས་ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་བར་དངོས་སུ་ཐུག་འཕྲད་བྱེད་ཐེངས་དང་པོ་ཡིན། ཐུག་འཕྲད་བྱས་རྗེས་ཐེ་རོམ་ཕུ་ཡིས་མཉམ་འབྲེལ་གསར་འགོད་པའི་ཚོགས་ཐོག་ཏུ་ཨུ་རུ་སུ་ཡིས་ཨ་རིའི་འདེམས་བསྐོ་ཆེན་པོ་ལ་ཐེ་གཏོགས་བྱེད་པའི་རྒྱུ་མཚན་རྙེད་མ་སོང་བསྟན་པས། ཨ་རིའི་གཞུང་དམངས་ཕྱོགས་ཀུན་གྱིས་དགག་པ་བརྒྱབ་ཅིང་། དེའི་རྗེས་སུ་ཐེ་རོམ་ཕུ་ཡིས་ཀྱང་དེ་ནི“ཁ་ནོར་བ”ཡིན་ཟེར། 
      

    ཕྱོགས་བསྡུས་གསར་འགྱུར།