འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“མཚོ་དཔོན་ལམ་ལུགས+”ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་རོང་བོ་དགུ་ཆུ་བོས་ཆུ་རྒྱུད་ཀྱི་གྲོང་ཚོ་ཚང་མ་གསོ་སྐྱོང་བྱས་ཡོད། ཡིན་ནའང་དེ་སྔ་གྲོང་མི་ཚོས་སྟབས་བདེ་ཡོང་ཆེད་གད་སྙིགས་ཆུ་འགྲམ་དུ་དབྱུག་གི་ཡོད། ད་ཆ་ཆེད་མིས་དུས་བཀག་བཞིན་གད་སྙིགས་བསྡུ་རུབ་བྱེད་ཀྱི་ཡོད་པས་གད་སྙིགས་ཀྱིས་ཁེངས་པའི་ཆུ་བོ་དེ་དྭངས་ཤིང་གཙང་བར་གྱུར”ཞེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་གཉན་ཐོག་ཤང་གཉན་ཐོག་གྲོང་ཚོའི་གྲོང་མི་དོན་གྲུབ་ཀྱིས་བཤད་བྱུང་།
         མཚོ་བོད་ས་མཐོའི་ཤར་བྱང་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་སོགས་གྲགས་ཅན་གཙང་པོ་དང་ཆུ་བོའི་ཆུ་འགོ་ཡིན་ལ། རང་རྒྱལ་གྱི་ཆུ་རྩ་གསོ་འཁྱོངས་ཁུལ་དང་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཀྱང་ཡིན་ཞིང་། ས་ཁོངས་སུ་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་50ཡན་ཟིན་པའི་རྒྱུག་ཆུ་ཁག་3518ཙམ་ཡོད་པས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཞེས་པའི་མཚན་སྙན་ཐོབ་ཡོད། དུས་སྐབས་ཤིག་རིང་ཆུ་ཁོངས་ཆེ་རུ་ཕྱིན་པ་དང་དོ་དམ་བྱེད་ཤུགས་ཞན་པ་སོགས་ཀྱིས་རྐྱེན་པས། མཚོ་སྔོན་ས་ཁོངས་ནང་གི་ཆུའི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ཞན་དུ་ཕྱིན་པ་དང་། ཆུའི་ཁོར་ཡུག་སྦགས་གཙོག་སོགས་ཀྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
         2017ལོའི་ཟླ་ལྔ་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཆུ་དཔོན་མ་ལག་བཙུགས་ཤིང་། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་དུ་མཚོ་དཔོན་ལག་ལུགས་ཀྱི་གཞུང་ལས་ཁང་55བཙུཌ་པ་དང་། མཚོ་དཔོན་5925བཀོད་སྒྲིག་བྱས་པས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་མཚོ་དཔོན་གྱིས་མཚོ་མོར་སྐོར་ཞིབ་བྱེད་ཚད་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།
         “རིམ་ལྔའི་མཚོ་དཔོན་མ་ལག་གིས་དེ་སྔ་ཆུ་བོ་དང་མཚོ་མོར་བཅོས་སྒྲིག་དོ་དམ་བྱ་ཤུགས་མི་འདང་བ་དང་འགན་དབང་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད། མཚོ་དང་ཆུ་བོ་མང་དག་ཅིག་ལ‘དོ་དམ་བྱེད་མཁན་མེད་པ’ནས‘དོ་དམ་བྱེད་མཁན་ཡོད་པའི’བར་དང་།‘དོ་དམ་མ་ཐུབ་པ’ནས‘དོ་དམ་ཐུབ་པའི’བར་འགྱུར་ལྡོག་བྱུང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁྲུའུ་ཀྲང་གཞོན་པ་ཧྲེ་པའོ་ཕེང་གིས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས“རིམ་ལྔའི་མཚོ་དཔོན”གྱི་རྨང་གཞིའི་ཐོག་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་སོགས་ས་ཁུལ་དུ“འབྲོག་པའི་མཚོ་དཔོན”དང་“ཁེ་ལས་ཀྱི་མཚོ་དཔོན”བཀོད་སྒྲིག་བྱེད་མང་དུ་བཏང་ནས། རྒྱུག་ཆུ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དུད་ཚང་དང་མང་ཚོགས་མི་རེ་ངོ་རེར་དོན་འཁྱོལ་ཐུབ་པ་བྱས་ཏེ། མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པས་མཚོ་དཔོན་ལམ་ལུགས་ཀྱི“མཐའ་མའི་འགག་གནད”ལས་སྒྲོལ་ཐུབ་པ་བྱུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།