འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་གཉེར་འགན་འཁུར་བའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་—2018”
    གྲ་སྒྲིག་ཨང་བསར་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་དབྱང་དམག་ཨུད་ཀྱི་སྦྱོང་བརྡར་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོས་གཉེར་འགན་འཁུར་བའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་—2018”གྲ་སྒྲིག་ཨང་བསར་ཟིན་པ་དང་ཤིན་ཅང་གི་ཁུར་ལེ་དང་ཧྥུའུ་ཅན་གྱི་ཆོན་ཀྲོའུ་རུ་ཡོད་པའི་འགྲན་རར་ཚ་ཚ་འུར་འུར་ངང་འགྲན་བསྡུར་ལས་དོན་སྒྲིག་འཛུགས་ཀྱི་ཚོད་ལྟ་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་འཆར་གཞི་བཞིན་རྒྱུས་ལོན་རང་བཞིན་གྱི་སྦྱོང་བརྡར་བྱེད་པ་དང་འགྲན་ར་གསལ་ཤེས་དང་གོ་མཚོན་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དམ་འཛིན་བྱེད་བཞིན་ཡོད། ཚེས་28ཉིན“དམག་དོན་ཁྱབ་ཁོངས་ཀྱི་ཨོ་ལིམ་ཕིག”ཅེས་བརྗོད་པའི་རྒྱལ་སྤྱིའི་འགྲན་བསྡུར་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་རེད།
         འདི་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ཁྲོད་ཁྱོན་རྣམ་གྲངས་ཁག་28བཀོད་སྒྲིག་བྱས་པ་དང་ཀྲུང་གོ་དང་། ཨུ་རུ་སུ། བྷེ་ཨུ་རུ་སུ། ཧ་སག་སི་ཐན། ཨ་ཟེར་བྷེ་ཇན། ཨར་མེ་ཉི་ཡ། དབྱི་རན་བཅས་རྒྱལ་ཁབ་7གྱིས་མཉམ་འབྲེལ་ཐོག་སྤེལ་རྒྱུ་ཡིན་པའི་ཁྲོད་རང་རྒྱལ་གྱིས་འགྲན་བསྡུར་རྣམ་གྲངས་4ཡི་གཉེར་འགན་འཁུར་ཡོད། རྒྱལ་ཁབ་ཁག་དབར་གྲོས་བསྡུར་བྱས་ནས་ངོས་འཛིན་གཅིག་གྱུར་བྱུང་བར་གཞིགས་ན། རང་རྒྱལ་གྱིས་གཉེར་འགན་འཁུར་བའི་འགྲན་བསྡུར་རྣམ་གྲངས་4ཡི་ཁྲོད“སུའུ་ཝོ་ལུའོ་ཧྥུའུ་འཕྲལ་རྒོལ”རྣམ་གྲངས་ལ་ཨུ་རུ་སུས་རང་ཉིད་ཀྱིས་འཁྱེར་བའི་གོ་མཚོན་སྤྱོད་རྒྱུ་ཡིན་པ་ཕུད། དེ་བྱིངས་ཀྱི་རྒྱལ་ཁབ་ཁག་གི་འགྲན་ཞུགས་རུ་ཁག་གིས་རང་རེའི་དམག་དཔུང་གིས་མཁོ་འདོན་བྱས་པའི་གོ་མཚོན་སྒྲིག་ཆས་སྤྱོད་རྒྱུ་རེད། དེ་གོང་རང་དམག་གི་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། ཧ་སག་སི་ཐན་བཅས་སུ་འགྲན་ཞུགས་བྱེད་མཁན་རུ་ཁག་ཚང་མ་འགྲན་ཡུལ་དུ་བཅའ་སྡོད་བྱས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།