འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་ལོ་10ཡི་ནང་སྲུང་སྐར་640ཙམ་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཚོགས་པའི་སྤྱི་ཁྱབ་ལུའོ་ཀེ་ཅིན་གྱིས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས“སྐར་མའི་གོ་ལའི”སྲུང་སྐར་འཆར་གཞིར་ཆོག་མཆན་སྤྲད་ཟིན་པ་དང་། ཨུ་རུ་སུ་འཇིག་རྟེན་འཕུར་སྐྱོད་སྡེ་ཚན་གྱིས་ལོ་10ཡི་ནང་དུས་མཚམས་དབྱེ་ནས་སྲུང་སྐར་640ཙམ་འཕེན་གཏོང་བྱ་རྒྱུ་རེད།
        ཨུ་རུ་སུ་འཇིག་རྟེན་འཕུར་སྐྱོད་ཚོགས་པའི་དྲ་ཚིགས་ཀྱིས་དེ་ཉིན་དགོང་མོར་སྤེལ་བའི་གནས་ཚུལ་ནང་འཁོད་པ་ལྟར་ན། ལུའོ་ཀེ་ཅིན་གྱིས་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་སྡེ་ཚན་གྱིས་2022ལོ་དང་། 2024ལོ། 2028ལོ་བཅས་ནི“སྐར་མའི་གོ་ལའི”སྲུང་སྐར་འཆར་གཞི་དོན་འཁྱོལ་བྱེད་པའི་དུས་མཚམས་སུ་དབྱེ་ནས་ལོ་10ཡི་ནང་རིམ་རྩིས་བྱས་ན་སྲུང་སྐར་640ཙམ་འཕེན་གཏོང་བྱ་རྒྱུ་མ་ཟད། ཨུ་རུ་སུའི་འཁོར་ལམ་ཐོག་ཡོད་པའི་སྲུང་སྐར་བཀོད་སྒྲིག་ལེགས་སྒྱུར་ཆེན་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་ས་ངོས་ལྟ་ཞིབ་ཚད་ལེན་དང་སྲུང་སྐར་འཕྲིན་གཏོང་གི་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཞེས་བརྗོད།
         ཨུ་རུ་སུ་གསར་འགྱུར་ཁང་གིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཨུ་རུ་སུའི་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་བཞིན་པའི་དམངས་སྤྱོད་དང་དམག་སྤྱོད་སྲུང་སྐར་ཁྱོན་143ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།