འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཁེ་ལས་ཀྱི་ཤེས་ལྡན་མི་སྣས་ཧྲེན་ཀྲེན་ནས་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ས་མཐོའི་
    དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལས་གནས་ཐོག་སྦྱོང་བརྡར་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ། ལས་གཏོད་རྣམ་གྲངས་སྟོན་པ་སོགས་ཀྱི་གསོ་སྦྱོང་བྱ་ཐབས་མང་པོ་བརྒྱུད། བོད་ལྗོངས་ལྷ་སའི་ཁག་བཞིའི་རྒྱལ་ཁབ་ཁེ་ལས་ཀྱི་དོ་དམ་མི་སྣ་དང་གཉིས་གཏོད་ཤེས་ལྡན་པ་81གིས་ཧྲེན་ཀྲེན་གྱི་དམངས་གཉེར་ཁེ་ལས་སུ་ཉམས་མྱོང་སློབ་སྦྱོང་བྱས་རྗེས་ལོག་སླེབས་པ་རེད།
         གསར་འགོད་པས་ཚེས་23ཉིན་ལྷ་ས—པེ་ཅིང་སློབ་ཆེན་ཧྲེན་ཀྲེན་གསར་གཏོད་ལག་ལེན་སྒར་གྱི་སློབ་མའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་ལྷ་སས་གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཁག་བཞི་ཧྲེན་ཀྲེན་དུ་འབྲེལ་ཡོད་དམངས་གཉེར་ཁེ་ལས་ཀྱི་ལས་གནས་ཐོག་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པར་བཏང་སྟེ། ཁེ་ལས་ཀྱི་འཁོར་རྒྱུག་དང་དོ་དམ་ཞབས་ཞུ་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། ཁེ་ལས་ཀྱི་འཐབ་ས་དང་པོར་བསྐྱོད་དེ། ཇི་ལྟར་བྱས་ནས་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་དང་། ཁེ་ལས་ཀྱི་སྤུས་རྟགས་ཁྱབ་གདལ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། གཉེར་སྐྱོང་དཔུང་ཁག་གཏོད་པ་བཅས་ལ་ཤེས་རྟོགས་བྱེད་པ་དང་དུས་མཚུངས་གནས་སྦྱར་ཁེ་ལས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་དང་དོ་དམ་ཁྲོད་ལྷག་པའི་དཀའ་གནད་ལ་གྲོས་བསྡུར་བྱས་པ་རེད།
         གཞན་ཡང་གསར་གཏོད་ལག་ལེན་སྒར་དུ་རིག་གནས་ཡུལ་སྐོར་དང་། ཁེ་ལས་དོ་དམ། ནོར་དོན་དོ་དམ། མ་དངུལ་བསྡུ་སྒྲིལ་ཐབས་ལམ་བཅས་དང་དེ་བཞིན་རྩལ་ནུས་དང་། སྤུས་རྟགས་ཚོང་གཉེར། ཁྲོམ་ར་རྒྱ་སྐྱེད་སོགས་ཆེད་དོན་གསོ་སྦྱོང་བཀོད་སྒྲིག་བྱས་པ་མ་ཟད། གསོ་སྦྱོང་དཔྱད་ཞིབ་བྱ་རྒྱུ་དེ་སློབ་མའི་ལས་གཏོད་རྣམ་གྲངས་འགྲེམས་སྟོན་དང་ཟུང་འབྲེལ་བྱ་རྒྱུ་རེད། རང་སོ་སོའི་ལྷ་སར་ཡོད་པའི་རིག་གནས་ཡུལ་སྐོར་དང་། ས་གཙང་བདེ་ཐང་། མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་སོགས་ཀྱི་ལས་གཏོད་གྲུབ་འབྲས་སྟོན་པ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་དང་ཧྲེན་ཀྲེན་གྱི་ཁེ་ལས་དབར་འབྲེལ་བ་བཟང་པོ་བཙུགས་པ་དང་། གཉིས་གཏོད་ཁེ་ལས་ཁ་ཤས་ཀྱི་རྣམ་གྲངས་ཐད་མཉམ་ལས་ཀྱི་འདོད་མཐུན་བཞག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།