འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་ལན་པར”གྱི་མྱུར་བགྲོད་མེ་འཁོར་གྱི་འཁོར་ལོ་འཇར་མན་ལ་ཕྱིར་གཏོང་
    བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཱ་ཨན་ཧྲན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀུང་སི་དེས་ཐོན་སྐྱེད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་320ཟིན་པའི་མྱུར་བགྲོད་མེ་འཁོར་གྱི་འཁོར་ལོ་160འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིའི་ཝེ་ཐེང་པེ་ཀེའི་རྟེན་གཞིར་འབྱོར་ནས་མེ་འཁོར་ཐོག་སྒྲིག་སྦྱོར་བྱས་ཏེ་སྤྱོད་ཉེར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སི་ནི་ཡོ་རོབ་ཀྱི་ལྕགས་ལམ་གཉེར་སྐྱོང་ཚོང་པ་གལ་ཆེན་ཞིག་ཡིན། 2017ལོའི་ལོ་སྨད་དུ་མཱ་ཨན་ཧྲན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིའི་མྱུར་བགྲོད་མེ་འཁོར་གྱི་འཁོར་ལོའི་རྣམ་གྲངས་ཀྱི་གཉེར་འགན་རག་ནས་མྱུར་བགྲོད་མེ་འཁོར་གྱི་འཁོར་ལོ་160ཡི་མངགས་ཐོ་རག་པ་དང་འབྲེལ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིའི་ཨེ་ཤེ་ཡའི་ཐད་ཀའི་ཚོང་ཟོག་མཁོ་འདོན་པར་གྱུར་ཡོད། འདི་ལོའི་ཟླ་3པར་ཐོན་རྫས་གྲུབ་འབྲས་ཐོབ་པའི་ངང་བཟོ་གྲྭ་ནས་ཐོན་པ་དང་ཡོ་རོབ་མནའ་འབྲེལ་གྱི་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ཀྱི་ལག་རྩལ་ཚད་གཞིའི(TSI)ཁས་ལེན་ལམ་སེང་ཐོབ་པ་དང་ཐོན་རྫས་ལ་སྤྱོད་མཁན་གྱི་གསལ་འབྱེད་ཐོག་མ་དེ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།