འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སི་རི་ལན་ཁའི་གཞོན་ནུའི“རྒྱུད་གཅིག་ལམ་གཅིག”གི་རི་མོའི་འགྲེམས་
    སྟོན་ཁོ་ལོན་པོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། ཀྲུང་གོ་དང་སི་རི་ལན་ཁའི་གཞོན་ནུའི“རྒྱུད་གཅིག་ལམ་གཅིག”གི་རི་མོའི་འགྲེམས་སྟོན་སི་རི་ལན་ཁའི་ཁོ་ལོན་པོར་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་ནང་དོན་མཚོན་པར་བྱས་པ་མ་ཟད། དེས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་ཐུབ་རྒྱུའི་རེ་བ་ཡང་བཅངས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དུས་ཡུན་ཉིན་གསུམ་གྱི་རི་མོའི་འགྲེམས་སྟོན་དེ་པེ་ཅིང་གྲོང་ཁྱེར་གྱི་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་སི་རི་ལན་ཁ་དང་ཀྲུང་གོའི་སྤྱི་ཚོགས་རིག་གནས་མཉམ་ལས་མཐུན་ཚོགས་སོགས་ཚན་པས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། འགྲེམས་སྟོན་བྱས་པའི་བརྩམས་ཆོས་102ནང་ནས་བརྩམས་ཆོས་42སི་རི་ལན་ཁ་ནས་ཡིན་པ་ཕུད། དེ་བྱིངས་ཚང་མ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དེ་སྔོན་བྱ་དགའ་ཐོབ་པའི་བརྩམས་ཆོས་700ལྷག་ཙམ་ནང་ནས་བདམས་པ་ཞིག་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།