འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ནུབ་རྒྱུད་མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་ལན་ཀྲོའུ་སློབ་ཆེན་དུ་ཀྲུང་གོའི་ནུབ་རྒྱུད་མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པ་གཉེར་བ་རེད།
             གླེང་སྟེགས་ཀྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གྱིས་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱི་སློབ་ཁྲིད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ”དེ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཁྱབ་པ་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ནུབ་རྒྱུད་མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་སྤེལ་རེས་ལས་སྟེགས་བཏོད། ནུབ་རྒྱུད་མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
             གླེང་སྟེགས་ཀྱི་འགོ་འཛུགས་མཛད་སྒོའི་ཐོག་ལན་ཀྲོའུ་སློབ་ཆེན་གྱི་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོ་ཞིབ་འཇུག་ཁང་གིས་དངོས་སུ་སྒོ་བྱང་བཀལ་བ་རེད། པེ་ཅིང་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན། སི་ཁྲོན་སློབ་ཆེན། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་སློབ་ཆེན་སོགས་རྒྱལ་ཡོངས་ཀྱི་མཐོ་སློབ་65ཡི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་རིག་ཚན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། རྐང་འཛིན་དགེ་རྒན་བཅས་162ད་རེས་ཀྱི་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
            རིགས་གཅིག་མཁས་ཅན་གྱིས། ད་རེས་ཀྱི་གླེང་སྟེགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཁྱབ་པ་གསུམ”ལས་དོན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་དང་། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་སློབ་དེབ་ཀྱི་བཟོ་བཅོས་རྩ་དོན་དང་། བཟོ་བཅོས་ནང་དོན་དང་བེད་སྤྱོད་ཐབས་ལམ་བཅས་སྔར་བས་གསལ་བཟོ་བྱས་ཁར་ནུབ་རྒྱུད་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་འཛུགས་སྐྲུན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུར་ཡང་ཕན་པ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།