འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ལ་ཛ་དྲག་ངང་གེགས་སེལ་
    དངོས་ཟོག་གཏོང་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཚེས་13ཉིན་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གེགས་སེལ་དངོས་ཟོག་ཁྲེང་ཏུའུ་གྲབས་གསོག་མཛོད་དང་། ལན་ཀྲོའུ་གྲབས་གསོག་མཛོད་ནས་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་དྲག་ཆར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐོན་པའི་ས་ཆ་ཁག་གཅིག་ཏུ་གུར་8000དང་། ལྟེབ་རྒྱག་ཉལ་ཁྲི་8000 གྱོན་གོས་དང་མལ་ཆས་50000སོགས་ཀྲུང་དབྱང་གི་གེགས་སེལ་དངོས་པོ་སྤྲོད་རྒྱུ་སྒྲིག་འཛུགས་བྱས་ནས་ཉེ་དུས་ཞིང་ཆེན་དེ་གཉིས་ཀྱི་དྲག་ཆར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་དང་བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོབ་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཡོད་པ་རེད། 
            དེའི་གོང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་། འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་དང་། ཀན་སུའུ་ཞིང་ཆེན་གཉིས་སུ་དྲག་ཆར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པར་རྒྱལ་ཁབ་ཀྱིIVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་ལག་བསྟར་བྱས་ཡོད་པ་རེད། མིག་སྔར། འཕྲལ་སྡོམ་དོ་དམ་པུའི་འཕྲལ་སྡོམ་ལས་དོན་ཚོགས་ཆུང་སི་ཁྲོན་ཏེ་དབྱང་དང་། ཀན་སུའུ་ཏིང་ཤིས་སོགས་ས་ཆར་བསྐྱོད་དེ་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི། ཉེན་སེལ་རོགས་སྐྱོབ་ལས་དོན་ལེགས་པར་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱས་ཏེ། གེགས་ཁུལ་གྱིས་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།