འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྒྲིག་གཞིའི་འགན་འཁུར་བས་ཕྱོགས་རྐྱང་རིང་ལུགས་ཀྱི་ཚོང་དོན་ཐབས་ལམ་གང་རུང་
    ཞིག་གིས་ཕན་ནུས་ཐོན་མི་སྲིད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཉམ་བཙུགས་སྒྲིག་གཞི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཀང་ས་ལེ་སིས་དེང་སྐབས་འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཕན་ཚུན་སྤེལ་རེས་ཟབ་ཏུ་དང་བརྟེན་རེས་ཟབ་ཏུ་འགྲོ་བཞིན་ཡོད་སྟབས། ཕྱོགས་རྐྱང་རིང་ལུགས་ཀྱི་ཚོང་དོན་བྱེད་ཐབས་གང་རུང་ཞིག་གིས་མཐར་ཕན་ནུས་ཐོན་མི་ཐུབ་ཅེས་བརྗོད་པ་རེད།
             ཀང་ས་ལེ་སིས་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱིས་ལས་ཞུགས་ལ་སྲུང་སྐྱོང་བྱེད་མི་ཐུབ་པས། དེང་གི་འཛམ་གླིང་ལ་སྔོན་ཆད་ལས་དེ་བས་གོ་ལ་ཧྲིལ་པོའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ཀྱིས་ཇུས་གཞི་ཐག་གཅོད་བྱེད་དགོས། ཕྱོགས་མང་རིང་ལུགས་ལས་མཉམ་ལས་མཚོན་པ་དང་མཉམ་ལས་ལས་ཕན་ཚུན་མཐུན་ཐབས་ཡོང་ལུགས་མཚོན་གྱི་ཡོད། “དེ་ནི་བྱིས་བློ་ལྟ་བུའི་འབོད་ཚིག་ཅིག་མིན་པར་ལོ་རྒྱུས་ཀྱི་བསླབ་བྱ་དང་ཉམས་མྱོང་རེད་ལ། དངོས་དངོས་རྗེན་རྗེན་གྱི་མདུན་ལམ་ཞིག་ཀྱང་རེད”ཅེས་བརྗོད་པ་རེད།
             ཁོང་གིས་ཀྲུང་གོ་ནི་བརྟན་ལ་ཚོད་དཔག་ཐུབ་པའི་ཕྱོགས་མང་ཚོང་དོན་མ་ལག་ལས་ཕན་པ་ཐོབ་མཁན་ཞིག་རེད། དེ་དང་དུས་མཚུངས་ཀྲུང་གོས་ཁྲོམ་ར་སྒོ་དབྱེ་དང་། གྲོས་མོལ་ནང་ཞུགས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལ་རྒྱབ་སྐྱོར་སོགས་ཀྱི་བྱེད་སྟངས་ཐོག་ནས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།