འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་རུ་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་ཚོང་གཉེར་བྱེད་པོའི་མ་རྐང་ལ་ཞུགས་ཆོག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། 《ཀན་སུའུ་ཞིང་ཆེན་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ“འགྱུར་ལྡོག་གསུམ”གྱི་སྒྱུར་བཅོས་ཁྲོད་མ་རྐང་ལ་ཞུགས་པ་དང་མ་རྩ་གྲངས་བཅད་བྱས་ནས་མ་རྐང་དུ་འབེབས་པའི་ཚོད་ལྟའི་ལག་བསྟར་བྱ་ཐབས་》བཏོན་ཡོད། བྱ་ཐབས་ནང་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་གྱི་ངོ་བོ་མི་འགྱུར་བའི་སྔོན་འགྲོའི་འོག་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་དང་མ་འཇོག་བྱས་ནས་བྱུང་བའི་རྒྱུ་ནོར་གྲོང་ཚོའི་མཉམ་སྡེབ་ཀྱི་མ་རྐང་ལ་བརྩིས་ཏེ་ཚོང་གཉེར་བྱེད་པོའི་མ་རྐང་ལ་ཞུགས་ནས་ཁེ་བཟང་ལེན་ཆོག་པ་དང་། གྲོང་ཚོའི་མཉམ་སྡེབ་དང་། དུད་ཚང་དབུལ་པོ། ཞིང་དུད་བཅས་དབར་ལུགས་མཐུན་བགོ་བཤའ་རྒྱག་ཆོག་ཅེས་བཏོན་ཡོད་པ་རེད། 
           མ་རྐང་ལ་ཞུགས་པ་དང་གྲངས་བཅད་བྱས་ནས་མ་རྐང་ལ་ཕབ་པའི་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་ཁྲོད་རིམ་ཁག་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཐད་སྤྱད་པའི་མ་དངུལ(ཁ་གསབ་དང་། གུད་སྐྱོབ། འཕྲལ་སྡོམ་རིགས་ཀྱི་མ་དངུལ་ཕུད)དང་། ཞིང་ལས་ཐོན་ཁུངས་དང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་མ་དངུལ(ཐད་ཀར་ཞིང་དུད་ལ་སྤྲད་པ་ཕུད) ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ། གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སོགས་ཚུད་ཡོད། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་མ་རྐང་ལ་ཞུགས་པ་དང་གྲངས་བཅད་བྱས་ནས་མ་རྐང་ལ་ཕབ་པའི་བྱེད་པོ་ནི་གྲོང་ཚོའི་མཉམ་སྡེབ་ཡིན་པ་དང་། བྱེད་པོའི་འགན་ཁུར་མཁན་ནི་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་རྩ་འཛུགས། ཞིང་པའི་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་ཡིན་པ་བྱ་ཐབས་ནང་ཁ་གསལ་གཏན་འཁེལ་བྱས་ཡོད་པ་རེད། 
          ཀན་སུའུ་ཞིང་ཆེན་གྱིས་རྫོང་དང་གྲོང་ཁྱེར་ཆུས་་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་ཀྱི་དོན་དངོས་ལ་དམིགས་ཏེ་གྲོང་ཚོའི་མཉམ་སྡེབ་ལ་དབང་བའི་མ་རྐང་དུད་ཚང་དབུལ་པོ་དང་ཞིང་དུད་ལ་བགོ་བཤའ་རྒྱག་སྐབས་དུད་ཚང་དབུལ་པོར་ཕྱོགས་དགོས། རྫོང་རིམ་པའི་ནོར་སྲིད་དང་རྣམ་གྲངས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་མ་རྐང་ལ་ཞུགས་པའི་ལས་ཀར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫོང་གིས་གཙོ་བོ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱིས་འགན་འཁུར་བ། གྲོང་ཚོ་རིམ་པས་ལག་ལེན་བསྟར་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཟོ་དགོས། མ་རྐང་ལ་ཞུགས་པའི་མ་དངུལ(རྐང་དབང)ཤང་དང་གྲོང་རྡལ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་མཉམ་སྡེབ་དང་ཞིང་པའི་འཐུས་མི་བཅས་ལས་གྲུབ་པའི་རྐང་དབང་དོ་དམ་ཚོགས་ཆུང་གིས་ལྟ་སྐུལ་དོ་དམ་བྱེད་དགོས་ལ། ཐོབ་ཐང་ལྡན་པའི་ཕྱོགས་གསུམ་པའི་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས་ནའང་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།