འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་ཕུའུ་ཅི་སྲིད་གཞུང་གིས་སྤྲོ་གསེང་གྲུ་གཟིངས་དིམ་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་
    མིའི་ནང་མིར་ཁ་གསབ་སྤྲོད་པའི་དོན་དག་བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་15ཉིན་ཐེ་ལན་གྱི་ཕུའུ་ཅི་སྲིད་གཞུང་གི་སྲིད་འཛིན་དཔོན་ནུའོ་ལ་ཧྥ་ཡིས་ཐེ་ལན་ཕྱོགས་ཀྱིས་ཕུའུ་ཅིའི་སྤྲོ་གསེང་གྲུ་གཟིངས་དིམ་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ཁ་གསབ་སྤྲོད་པའི་གནས་ཚུལ་གྱི་འཕེལ་རིམ་བརྡ་ཁྱབ་བཏང་སྟེ་འདས་པོ་29ཡི་ནང་མིར་འགན་བཅོལ་གྱི་ཁ་གསབ་དངུལ་དང་རོགས་སྐྱོབ་སྐྱིན་གསབ་དངུལ་སྤྲད་ཡོད་ཅེས་བཤད་པ་རེད། ས་གནས་དེ་གའི་མཚོ་དམག་གི་ཆ་འཕྲིན་ལ་གཞིགས་ན། ཕུང་པོ་མཇུག་ཤོས་དེ་ད་ལྟ་འཚོལ་བཞིན་ཡོད་པ་རེད།
            ནུའོ་ལ་ཧྥས་རོགས་སྐྱོབ་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག་དོན་རྐྱེན་ནང་མི་47འཆི་ཡོད་ཅིང་། ཕུང་པོ་46བཙལ་ཟིན་པའི་ནང་39ས་གནས་དེ་གར་ཞུགས་འབུལ་བཏང་ཟིན་པ་དང་7ཀྲུང་གོར་དབོར་བ་རེད་ཅེས་བཤད།
           ནུའོ་ལ་ཧྥས་བརྡ་ཁྱབ་གཏོང་སྐབས་འདས་པོ་29ཡི་ནང་མིར་འབྲེལ་ཡོད་འགན་བཅོལ་ཀུང་སི་གཉིས་ནས་བསྡོམས་ཐེ་ལན་སྒོར་མོ་ཁྲི་3190(མི་དམངས་ཤོག་སྒོར་1ལ་ཐེ་ལན་སྒོར་མོ་5)ཟིན་པའི་འགན་བཅོལ་ཁ་གསབ་དངུལ་རག་ཡོད། གཞན་ཡང་ཐེ་ལན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་གཏན་འབེབས་གཞིར་བཟུང་། འདས་པོ་ཚང་མར་རོགས་སྐྱོབ་ཁ་གསབ་དངུལ་ཐེ་ལན་སྒོར་མོ་ཁྲི་100སྤྲོད་རྒྱུ་ཡིན་པ་དེ་དག་འདས་པོ་29ཡི་ནང་མིར་སྤྲད་ཟིན་ཞེས་བཤད་པ་རེད།
           དེ་མིན་གྱི་རྨས་མ་12ལ་བསམ་པའི་གྱོང་གསབ་དངུལ་རག་པ་དང་རྨས་མ་11ལ་འགྲུལ་བཞུད་འགོར་འགྱངས་འཐུས་ཤོར་དུ་སོང་བའི་ཁ་གསབ་རག་པ་གཉིས་བསྡོམས་ཁྱོན་ཐེ་ལན་སྒོར་མོ་ཁྲི་32.8ཟིན་གྱི་ཡོད། མི་སྣ་གཞན་དག་གི་འགན་བཅོལ་ཁ་གསབ་དང་རོགས་སྐྱོབ་ཁ་གསབ་དངུལ་ཡང་ད་ལྟ་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
           ཕུའུ་ཅི་སྲིད་གཞུང་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཐི་ལ་ཕེང་གིས“རྒྱ་བྱ”རྟགས་ཅན་གྲུ་གཟིངས་ཀྱི་ལག་རྩལ་ཆེ་མོ་བ་ཨེན་ཀྲན་ཚེས་13ཉིན་འཛིན་བཟུང་བྱས་པ་དང་། “རྒྱ་བྱ”རྟགས་ཅན་གཏོགས་ཁོངས་ཀུང་སིའི་ཐེ་ལན་གྱི་འགན་འཁུར་བ་ཨོ་ལ་ལེ་ཚེས་14ཉིན་འཛིན་བཟུང་བྱས་ཡོད་ཅེས་བཤད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དཔང་རྟགས་བཙལ་ནས་དོན་དག་དེ་དང་འབྲེལ་བའི་འགན་འཁུར་བ་ཚང་མ་རྩད་གཅོད་བྱེད་སྒང་ཡིན་པ་རེད།
           ས་གནས་དེ་གའི་ཚེས་5ཉིན་གྱི་ཆུ་ཚོད་17དང་སྐར་མ་45ཙམ་ལ“རྒྱ་བྱ”རྟགས་ཅན་དང“སྲས་མོ་ཨེ་ཧྲ”རྟགས་ཅན་གྲུ་གཟིངས་གཉིས་ཕུའུ་ཅི་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་གློ་བུར་དུ་དྲག་ཆར་རླུང་འཚུབ་འཕྲད་དེ་དིམ་པ་རེད། “སྲས་མོ་ཨེ་ཧྲ”རྟགས་ཅན་གྲུ་གཟིངས་ཐོག་གི་མི་42ཚང་མ་བསྐྱབས་ཐུབ་པ་དང་། “རྒྱ་བྱ”རྟགས་ཅན་གྲུ་གཟིངས་ཐོག་གི་མི་101ཡོད་པའི་ནང་ཀྲུང་གོའི་ཡུལ་སྐོར་བ་87ནང་ནས་མི་40བསྐྱབས་ཐུབ་པ་དང་མི་47འཆི་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།