འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཧྥན་ཏི་ནུའོ་ཡིས་འཛམ་གླིང་བུམ་པའི་རིང་མི་ཚང་མས་ཨུ་རུ་སུར་དགའ་པོ་བྱེད་ཀྱི་ཡོད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནུའོ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་འཛམ་གླིང་བུམ་པའི་རིང་རང་ཉིད་ཨུ་རུ་སུར་དགའ་པོ་བྱུང་ལ་མི་ཚང་མས་ཨུ་རུ་སུར་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།
            དབྱིན་ཧྥན་ཏི་ནུའོ་ཡིས་ད་དུང་། “དེ་ནི་རྐང་རྩེད་སྤོ་ལོའི་སྟོབས་ཤུགས་རེད། རྐང་རྩེད་སྤོ་ལོས་ངར་སེམས་མཚོན་པ་དང་དེའི་ནང་བརྩེ་སེམས་བསྡུས་ཡོད། དེ་ལས་འཛམ་གླིང་ཡོངས་ཁྱིམ་ཚང་ཆེ་མོ་གཅིག་ལ་གྱུར་བ་དང་རྐང་རྩེད་སྤོ་ལོས་མཐུན་སྒྲིལ་ཡོང་བ་བྱེད་ཀྱི་ཡོད། ང་ཚོས་ཨུ་རུ་སུ་ནས་མྱོང་ཚོར་ཐུབ་པའི་སྤྲོ་སྣང་དེ་དག་ཁ་ཐར་ལ་བརྒྱུད་སྤྲོད་བྱ་རྒྱུ་ཡིན། ཨུ་རུ་སུར་བྱུང་བའི་མི་རྣམས་ཡིད་ཆེས་བྱེད་དཀའ་བར་གྱུར་བའི་རྐང་རྩེད་སྤོ་ལོའི་ནུས་པ་དང་དགེ་མཚན་ལྡན་པའི་ཤུགས་རྐྱེན་དེ་ལོ་བཞི་སོང་རྗེས་ཁ་ཐར་དུ་མུ་མཐུད་ཐོན་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།