འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན་《མི་བཟང་དཔོན་བཟང་ཁུང་ཕན་སེན་》ཞེས་པ་ལྷ་སར་ཐོག་མར་བསྟན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཚན་པས་མཉམ་དུ་པར་ལེན་བྱས་པའི་གནས་ཚུལ་དངོས་མཚོན་གློག་བརྙན་《མི་བཟང་དཔོན་བཟང་ཁུང་ཕན་སེན་》ཞེས་པ་རྒྱལ་ཡོངས་སུ་ཐོག་མར་སྟོན་པའི་མཛད་སྒོ་ལྷ་སར་འཚོགས་པ་དང་རྒྱལ་སྟོན་གྱི་སྔ་ནུབ་ཏུ་གློག་བརྙན་དེ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཆེ་གྲས་ཁག་ཏུ་སྟོན་རྒྱུ་རེད།
         གནས་ཚུལ་དངོས་མཚོན་གློག་བརྙན་《མི་བཟང་དཔོན་བཟང་ཁུང་ཕན་སེན་》ཞེས་པ་དེར་དོན་དངོས་གནས་ཚུལ་བཅར་འདྲི་དང་སྒྱུ་རྩལ་གྱི་ཐབས་ལམ་ཟུང་དུ་འབྲེལ་བའི་སྒོ་ནས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁུང་ཕན་སེན་གྱི་མི་སེམས་འགུལ་བའི་བྱས་རྗེས་ཇི་བཞིན་མངོན་པར་བྱས་པ་དང་། གནས་ཚུལ་དངོས་མཚོན་གློག་བརྙན་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས“ཁུང་ཕན་སེན་གྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“བོད་སྐྱོར་སྙིང་སྟོབས”བཅས་རྒྱུན་འཛིན་དང་དར་སྤེལ་ཡོང་བ་བྱས་ཤིང་། གློག་བརྙན་དེའི་ནང་བློ་མཐུན་ཁུང་ཕན་སེན་ཕྱག་ལས་གནང་ཡུལ་དང་འཚོ་བ་སྐྱེལ་ས་གལ་ཆེན་གྱི་ས་གནས་ས་ཐོག་ཏུ་པར་ལེན་བྱས་ཏེ། ཁུང་ཕན་སེན་གྱི་ནང་མི་དང་གྲོགས་པོ། སྐབས་དེ་དུས་ཁོང་གི་འགྲམ་དུ་ལས་ཀ་བྱེད་མཁན་དང་ལས་རོགས་སོགས་ལ་བཅར་འདྲི་བྱས་ནས་ཕྱིར་དྲན་གྱི་གནས་ཚུལ་བརྗོད་པ་དང་ལོ་རྒྱུས་ཀྱི་དཔྱད་གཞིར་བརྟེན་པ་དག་པར་ལེན་བརྒྱུད་ལྟད་མོ་བར་བླ་ན་མ་མཆིས་པའི་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་ཏང་ཡོན་བཟང་པོ་དང་ལས་བྱེད་པ་བཟང་པོ་ཞིག་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་སླར་ཡང་གང་ལེགས་མངོན་པར་བྱས་ཡོད།
         བློ་མཐུན་ཁུང་ཕན་སེན་ནི་མི་དམངས་མང་ཚོགས་ཁྲོད་རྩ་བ་བརྟན་པོ་ཚུགས་ནས་འཚར་ལོངས་བྱུང་བའི་ཕུལ་བྱུང་གི་ལས་བྱེད་པའི་འཐུས་མི་ཞིག་ཡིན་པས་ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བྱས་ནས་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཡོང་བ་བྱས་ཡོད། ཁོང་གིས་དཀའ་ཚེགས་ཆེ་ཞིང་ཁོར་ཡུག་ཞན་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལ་མ་བལྟོས་པར་1979ལོ་དང་1988ལོར་ཧྲན་ཏུང་ཞིང་ཆེན་གྱིས་མངགས་པ་ལྟར་བོད་དུ་ཕྱག་ལས་གནང་བར་ཐེངས་གཉིས་ཕེབས་ཡོད། 1994ལོར་ཁོང་གིས་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་ཤིན་ཅང་ཐ་གྲོང་གི་མཐའ་མཚམས་ཉོ་ཚོང་ལ་རྟོག་ཞིབ་གནང་བར་བསྐྱོད་དེ་ལས་འགན་བསྒྲུབས་ནས་མངའ་རིས་ལ་ཕྱིར་ལོག་པའི་ལམ་བར་དུ་སྟབས་མི་ལེགས་པར་འཁོར་འཛོལ་བྱུང་ནས་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་50རེད། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་ཁུང་ཕན་སེན་ལ“གུང་ཁྲན་ཏང་ཡོན་གྱི་མིག་དཔེ”དང“ཕུལ་བྱུང་གི་འགོ་ཁྲིད་ལས་བྱེད་པའི”མཚན་སྙན་རྗེས་སྤྲོད་གནང་ཡོད། 2009ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཚན་པ་11གིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི་དཔྱད་འདེམས་བྱེད་སྒོའི་ཁྲོད་ཁོང“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་སེམས་འགུལ་ཐེབས་པའི་ཀྲུང་གོའི་མི་སྣ”བརྒྱ་ཡི་གྲས་སུ་བདམས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།