འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མྱ་ངམ་ཐང་དུ་ལྕགས་ལམ་སྐྲུན་པར་བྲེལ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཅང་ལྷོ་མར་ཕར་འགྲོ་ཚུར་འོང་བྱེད་པའི་ལྕགས་ལམ་ཏེ་གོར་མོ་ནས་ཁུར་ལེ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་དུམ་བུ་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། མིག་སྔར་གོར་ཁུར་ལྕགས་ལམ་གྱི་མཚོ་སྔོན་དུམ་བུར་ལྕགས་ལམ་སྤྱི་ལེ་415བཏིང་ཟིན། རྒྱལ་ཁབ་ཀྱི་གཙོ་གནད་ལྕགས་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་ཡིན་པའི་ཤར་གྱི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ནུབ་ཀྱི་ཤིན་ཅང་ཁུར་ལེ་བར་གྱི་གོར་ཁུར་ལྕགས་ལམ་དེར་ཁྱོན་རིང་ཚད་སྤྱི་ལེ་1214ཡོད་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཟིན་གྱི་ཡོད། གོར་ཁུར་ལྕགས་ལམ་གྱི་མཚོ་སྔོན་དུམ་བུར་ཁྱོན་རིང་ཚད་སྤྱི་ལེ་506ཡོད་པ་དང་ལྕགས་ལམ་དུམ་བུ་དེ་མཚོ་བོད་ས་མཐོའི་མྱ་ངམ་ཐང་ཁུལ་གྱི་དབུས་ནས་ཁྲིད་ཡོད། 2015ལོའི་ཟླ་བ་བཅུ་པར་ཕྱོགས་ཡོངས་ནས་ལས་འགོ་བཙུགས་ཚུན་ཨར་ལས་པ་ཚོས་མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། བྱེ་རླུང་ཆེ་བ་ལ་སོགས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ལྕགས་ལམ་བདེ་བླག་ངང་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།