འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་ཁུལ་རུ་ཁག་གིས་3X3ལན་ཆིའུ་སྤོ་ལོའི་རྫོགས་ལྡན་རིམ་མཚུངས་མཉམ་འགྲན་
    སི་ཁྲོན་འགྲན་ཁུལ་གྱི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། འགྲན་བསྡུར་མཇུག་འགྲིལ་ཉེའི་སྐར་ཆ་བཅུ་ཙམ་ལ་རྔ་པ་ཀྲོའུ་རུ་ཁག་གིས་18:15ཡི་སྐར་གྲངས་ཐོག་ནས་Breachརུ་ཁག་ལས་རྣམ་པར་རྒྱལ་ཏེ་3X3རྫོགས་ལྡན་རིམ་མཚུངས་མཉམ་འགྲན་སི་ཁྲོན་ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་ཁྲེང་ཏུའི་མཐའ་བསྡུར་ནང་ཨང་དང་པོ་བླངས་པ་རེད།
         འགྲན་བསྡུར་དུས་ཐེངས་བཞི་པར་ཞུགས་སྐབས་3X3རྫོགས་ལྡན་རིམ་མཚུངས་མཉམ་འགྲན་གྱི་འགྲན་སྲོལ་རིམ་པ་མཐོ་རུ་བཏང་ནས་3X3རྫོགས་ལྡན་རིམ་མཚུངས་མཉམ་འགྲན་གྱི་ཞིང་ཆེན་རིམ་པའི་འགྲན་བསྡུར(SGLP)རྒྱ་བསྐྱེད་ནས་དེ་སྔའི་ས་ཚིགས་ཁག་གི་འགྲན་བསྡུར་དེ་ཞིང་ཆེན་རིམ་པའི་འགྲན་ཁུལ་བར་ཆེ་རུ་བཏང་བས་འགྲན་བསྡུར་གྱི་གཞི་ཁྱོན་སྔར་བས་ཆེ་རུ་འགྲོ་བར་ཕན་ཐོགས་བྱུང་བ་མ་ཟད། འགྲན་བསྡུར་དེ་མི་ཚོགས་སྔར་བས་མང་བར་ཁྱབ་པའང་བྱུང་ཡོད། སི་ཁྲོན་ནི་3X3རྫོགས་ལྡན་རིམ་མཚུངས་མཉམ་འགྲན་གྱི་ཁག་དང་པོའི་ཞིང་ཆེན་རིམ་པའི་འགྲན་ཁུལ་10ཡི་གྲས་ཤིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།