འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ཀྱི་གསར་རྩོམ་བྲོ་གར་《མཁའ་ལམ་》ཞེས་པ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེ་
    མོར་ཐོག་མར་འཁྲབ་སྟོན་བྱས་ནས་མཁའ་ལམ་གྱི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་མཚོ་བོད་ལྕགས་ལམ་བསྐྲུན་ཏེ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་12འཁོར་བར་དྲན་གསོ་ཞུ་ཆེད། སྒྱུར་བཅོས་སྒོ་དབྱེའི་གཙོ་གནད་ལས་གྲྭ“མཚོ་བོད་ལྕགས་ལམ”གསར་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་པའི་མི་རིགས་ཀྱི་བྲོ་གར་《མཁའ་ལམ་》ཞེས་པ་ཟླ་6ཚེས་30ཉིན་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་ཐོག་མར་འཁྲབ་སྟོན་བྱས་པ་རེད། མི་རིགས་ཀྱི་ཁྱད་ཆོས་ཟབ་པ་དང་བརྩེ་དུང་གིས་ཕྱུག་པའི་ཡན་ལག་གི་སྟངས་སྟབས་དང་ལོ་རྒྱུས་ཀྱི་རྣམ་པ་དང་དོན་དངོས་ཀྱི་རྣམ་པ་གཉིས་ལྡན་གྱི་གར་སྟེགས་རྣམ་པའི་ཐོག་ནས་ལྟད་མོ་བར་ལམ་སྐྲུན་པའི་ལོ་ཟླ་དང་མཁའ་ལམ་གྱི་བརྩེ་སེམས་མྱོང་ཚོར་ཐུབ་པ་བྱས་ཡོད།
         བྲོ་གར་གྱིས་བོད་རིགས་སྤུན་ཟླའི་ལྟ་སྟངས་ནས་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྐྲུན་རིང་ཉེན་ཁར་མི་འཛེམ་པར་བོད་ཀྱི“མཁའ་ལམ”འབྱེད་པའི་ལྕགས་ལམ་དམག་དཔུང་གི་ལམ་བཟོ་བ་དང་ལྷད་མེད་བབ་ཆགས་ཀྱི་བོད་རིགས་སྤུན་ཟླའི་དབར་བློ་སེམས་གཅིག་ཏུ་སྦྲེལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་མཚོན་ཡོད། བྲོ་གར་ནང་རྒྱ་བོད་དམག་དམངས་ཀྱི་རྣམ་པ་ཟབ་མོ་མཚོན་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་དམག་དམངས་རྡོག་རྩ་གཅིག་སྒྲིལ་གྱི་སྙིང་དོན་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།