འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ལིས་རྒྱུའི་གློག་རྫས་ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ལྡན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚྭ་མཚེའུ་ནས་ལིས་རྒྱུ་བཏོན་པའི་ལག་རྩལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དང་ཐོན་ལས་སྣེ་འདྲེན་ཁེ་ལས་སྔ་རྗེས་སུ་གཞིས་ཆགས་པ་ལ་སོགས། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ཏེ་ལིས་རྒྱུའི་གློག་རྫས་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལིས་རྒྱུའི་གློག་རྫས་ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ལྡན་ཡོད་པ་རེད།
         ཟླ་6ཚེས་27ཉིན་པི་ཡ་ཏི་གློག་སྒུལ་གློག་རྫས་བཟོ་གྲྭས་མཚོ་སྔོན་ཞིང་ཆེན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་རྩད་ཆོད་གསར་ཤོས་ཐུབ་པའི་ལིས་གཏེར་གསོག་ཚད་ཏུན་ཁྲི་1724ཟིན་པ་དེས་རང་རྒྱལ་གྱི་གསོག་ཚད་ཀྱི་75%ཡན་ཟིན་པ་དང་གོ་ལ་ཧྲིལ་པོའི་གསོག་ཚད་ཀྱི་གསུམ་ཆ་གཅིག་ཟིན་ཏེ་ཐོན་ཁུངས་ཀྱི་ལེགས་ཆས་མཚོ་སྔོན་ལིས་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་ཐོབ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་དུ་ཚྭ་མཚེའུ་ལིས་བཏོན་ཁེ་ལས་6ཡོད་པ་དང་། མིག་སྔར་ཐཱན་སྐྱུར་ལིས་ཀྱི་ཐོན་ནུས་ཏུན་ཁྲི་3.3བསྐྲུན་ཟིན་པ་དང་ཐོན་ནུས་ཏུན་ཁྲི་3སྐྲུན་བཞིན་ཡོད་པ་དང་ཆབས་ཅིག་གློག་རྡུལ་རིམ་པའི་ཐཱན་སྐྱུར་ལིས་ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་ཡོད། འོན་ཀྱང་2015ལོར་མཚོ་སྔོན་གྱི་ཐཱན་སྐྱུར་ལིས་རྒྱུའི་ཐོན་ནུས་ཏུན་7000ཙམ་ལས་ཟིན་མེད། མིག་སྔར་མཚོ་སྔོན་ཆར་གན་ཚྭ་མཚོ་དང་། ཤར་ལྷོའི་ཕྱོགས་ཀྱི་ཀྱེ་ནའར་ཚྭ་མཚོ། དབྱི་ལི་ཕིང་ཚྭ་མཚོ། ཁྲའེ་ཏན་ཚྭ་མཚོ་བཅས་ལིས་རྒྱུའི་ཐོན་ཁུངས་4བལྟོས་བཅས་ངང་གཅིག་སྡུད་ཆེ་བའི་ས་ཁོངས་སུ་པི་ཡ་ཏི་དང་ཀྲུང་གོ་རྒྱལ་སྤྱིའི་ཡིད་རྟོན་མ་འཇོག་རྒྱལ་ཁབ་བདེ་འཇཌ་སོཌ་ལིས་རྒྱུའི་གློག་རྫས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ཚང་མར་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།