༄༅།།རང་རྒྱལ་གྱི་ཚོང་ལས་ཅན་གྱི་འོད་ཤུགས་དང་ཚ་ནུས་གློག་ཁང་ཆེ་གྲས་ཐོག་མར་ཐེངས་
གཅིག་ལ་གློག་མཐུད་དྲ་སྦྲེལ་ཐུབ་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 07ཚེས་04ཉིན། 10:05】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། གསར་འགོད་པར་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6་ཚེས་30ཉིན་གྱི་དགོང་དྲོ་རྒྱལ་ནང་གི་ཚོང་ལས་ཅན་གྱི་ཤུར་དབྱིབས་འོད་ཤུགས་ཚ་ནུས་གློག་ཁང་ཆེ་གྲས་ཐོག་མ་སྟེ། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་གི་ནུས་རྒྱུ་གསར་པའི་གཏེར་ལེན་ཁའི་ཀྲའོ་ཝ་50ཡོད་པའི་འོད་ཤུགས་ཚ་ནུས་རྣམ་གྲངས་དེ་ཐེངས་གཅིག་ལ་གློག་མཐུད་དྲ་སྦྲེལ་ཐུབ་ནས་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཤུར་དབྱིབས་འོད་ཤུགས་ཚ་ནུས་གློག་གཏོང་ལག་རྩལ་གྱི་སྟོང་ཆ་གྲུབ་འབྲས་ཐོབ་པའི་ངང་བསྐངས་པ་དང་ཆབས་ཅིག་རང་རྒྱལ་འདི་ཉིད་ཀྱང་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་བའི་འོད་ཤུགས་ཚ་ནུས་གློག་ཁང་ལྡན་པའི་རྒྱལ་ཁབ་ཨང་བརྒྱད་པར་དངོས་སུ་གྱུར་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2.46ཟིན་པ་དང་2015ལོའི་ཟླ་བརྒྱད་པར་རྨང་གཞིའི་ལས་གྲྭ་སྐྲུན་འགོ་ཚུགས་པའི་རྣམ་གྲངས་དེ་ནི་འོད་ཤུགས་ཚ་ནུས་ཀྱི་དཔེ་སྟོན་རྣམ་གྲངས་ཁག་དང་པོའི་ཁྲོད་ཀྱི་ལས་འགོ་ཐོག་མར་ཚུགས་པའི་རྣམ་གྲངས་ཤིག་རེད་ལ་མིག་སྔར་དྲ་སྦྲེལ་ཐུབ་པའི་རྣམ་གྲངས་འབའ་ཞིག་ཀྱང་རེད། དེ་ཡང་ཨེ་ཤེ་ཡ་དངུལ་ཁང་གི་གཟིགས་སྐྱོང་དངུལ་བུན་གྱི་རྒྱབ་སྐྱོར་ཐོབ་པའི་འོད་ཤུགས་ཚ་ནུས་གློག་གཏོང་རྣམ་གྲངས་ཐོག་མ་རེད།