འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་གཉིས་མེད་རུང་མི་ཚེ་སྔར་བཞིན་ངོ་མཚར་ཆེ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལག་གཉིས་མེད་རུང་མི་ཚེ་སྔར་བཞིན་ངོ་མཚར་ཆེ།
            མི་དམངས་དྲ་བའི་འཕྲིན། “དབང་པོ་སྐྱོན་ཅན་ནི་དངོས་གནས་དེ་འདྲའི་སྐྱོ་པོ་མིན་ཏེ།  འཚོ་བ་ཡག་པོ་ཞིག་དེ་བས་བསྐྱལ་དགོས” —— འདི་ནི་ཉི་མིན་ཁྲེན་གྱི་མི་ཚེའི་དམ་ཚིག་རེད།  1981ལོར་སྐྱེས་པའི་ཉི་མིན་ཁྲེན་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་ཕེན་ཨན་གྱི་མི་ཡིན་ཞིང་། ཁོ་བོ་ཆུང་དུས་ལས་འཛོལ་ཞིག་གིས་རྐྱེན་པས་ལག་གཉིས་མེད་པར་གྱུར། ཞུམ་མེད་ཀྱི་གཤིས་རྒྱུད་དང་ཉམས་མེད་ཀྱི་ངར་ཤུགས་ལ་བརྟེན་ནས་ཁོ་བོས་སྔོན་ཆད་ལུས་རྩལ་བ་བྱས་ནས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མྱོང་ཡོད་ལ། ཁོ་བོས་སྔོན་ཆད་རང་གཅེས་རང་ཚུགས་འཕེར་བའི་ངང་རྐང་འཁོར་ཆེད་འཚོང་ཁང་གི་གཉེར་སྐྱོང་ཡང་བྱས་མྱོང་ཡོད། ད་ཆ་ཉི་མིན་ཁྲེན་གྱིས་ལུས་སྦྱོང་ལས་དོན་ཁང་ཞིག་གཉེར་བས་གཅིག་ནས་སྦྱིན་བདག་བྱེད་དགོས་ལ་གཉིས་ནས་རྩལ་ཁྲིད་པའང་བྱེད་དགོས། དབང་པོ་སྐྱོན་ཅན་ཡིན་ནའང་བརྩོན་སེམས་ཤིན་ཏུ་ཆེ་བའི་ཁོ་བོས་རང་ཉིད་ཀྱི་དངོས་ཡོད་ལ་གཞིགས་ནས་མི་རྣམས་ལ་ཡར་སྐུར་ཧུར་བརྩོན་གྱི་འཚོ་བའི་རྣམ་འགྱུར་ཞིག་སྦྱིན་ཡོད།
    ༄༅།།ལག་གཉིས་མེད་རུང་མི་ཚེ་སྔར་བཞིན་ངོ་མཚར་ཆེ།
    ༄༅།།ལག་གཉིས་མེད་རུང་མི་ཚེ་སྔར་བཞིན་ངོ་མཚར་ཆེ།
    ༄༅།།ལག་གཉིས་མེད་རུང་མི་ཚེ་སྔར་བཞིན་ངོ་མཚར་ཆེ།
      

    ཕྱོགས་བསྡུས་གསར་འགྱུར།