འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ལོ་མཇུག་གོང་རང་རྒྱལ་གྱིས་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་
    རིགས་དབྱེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། སྡོད་ཁང་འཛུགས་སྐྲུན་པུའུ་གྲོང་ཁྱེར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་དབྱང་ཧའེ་དབྱིང་གིས་མིག་སྔའི་བར་རང་རྒྱལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་ཕྱོགས་ཡོངས་ནས་འགོ་ཚུགས་ཏེ་ཕན་འབྲས་ཡག་པོ་ཐོན་པ་དང་འབྲེལ་འདི་ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་རེད་ཅེས་བཤད་པ་རེད།
            ཟླ་6ཚེས་29ཉིན་དབྱང་ཧའེ་དབྱིང་གིས་སྡོད་ཁང་འཛུགས་སྐྲུན་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ས་ཁུལ་ཁག་གཅིག་གིས་འཚོ་བའི་གད་སྙིགས་བཙན་ཐབས་ངང་རིགས་དབྱེ་བའི་ལམ་ལུགས་ལག་བསྟར་བྱས་པ་སྟེ། ཧྥུ་ཅན་དང་། ཀུའེ་ཀྲོའུ། ཅང་ཤིས་བཅས་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་གསུམ་ཚུད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21ལ་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་དགོས་པའི་ལག་བསྟར་ཇུས་གཞི་བཟོས་ཡོད། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར། ལོགས་སུ་འཛུགས་རྩིས་ཡོད་པའི་གྲོང་ཁྱེར། ས་ཁུལ་རིམ་པའི་གྲོང་ཁྱེར་ཁག་གཅིག་སོགས་གཙོ་གནད་གྲོང་ཁྱེར་46གིས་འཚོ་བའི་གད་སྙིགས་རིགས་དབྱེའི་ངང་འཇོག་པ་དང་། བསྡུ་རུབ། སྐྱེལ་འདྲེན། ཐག་གཅོད་བཅས་ཀྱི་སྒྲིག་ཆས་མ་ལག་བཙུགས་ཡོད་ཅེས་བཤད་པ་རེད།
            དེའི་ནང་གྲོང་ཁྱེར་41གིས་འཚོ་བའི་གད་སྙིགས་རིགས་དབྱེ་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་གྲོང་ཁྱེར་14ཡིས་འཚོ་བའི་གད་སྙིགས་རིགས་དབྱེའི་ས་ཁུལ་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཏོན་པ་རེད།
            དབྱང་ཧའེ་དབྱིང་གིས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཁྲོད་ད་དུང་དཀའ་གནད་ཁག་གཅིག་གནས་ཡོད་པས་ངོས་འཛིན་མཐོར་གཏོང་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། སློབ་གསོ་གཏིང་ཟབ་རྒྱག་པ་བཅས་བྱེད་དགོས། འཚོ་བའི་གད་སྙིགས་རིགས་དབྱེའི་ངང་འཇོག་པ་དང་། བསྡུ་རུབ། སྐྱེལ་འདྲེན། ཐག་གཅོད་བཅས་ཀྱི་ལྷུ་ཚིགས་བཞི་ཚང་མར་ལྷན་སྦྱར་སྒྲིག་བཀོད་བསྐྲུན་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།