འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།"དུས་རབས་གསར་པའི་མིག་དཔེ"ལི་པའོ་གོའི་དབུལ་སྐྱོར་རྒྱུན་མཐུད་བྱས་པའི་གཏམ་རྒྱུད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གློག་བརྙན་《ལི་པའོ་གོ་》ཞེས་པ་ཧོ་པེ་ཞིང་ལས་སློབ་ཆེན་གྱི་ཧོ་པེ་ས་ཚིགས་སུ་ཐོག་མར་བསྟན་པར་སློབ་གྲྭ་དེ་གའི་དགེ་སློབ་སོགས་རིགས་ཁག་གི་འཐུས་མི་1500ལྷག་གིས“ཐའེ་ཧང་རི་བོའི་ཡུས་ཀུང་གསར་པའི”བསམ་བློའི་སྙིང་སྟོབས་ལ་སླར་ཡང་སློབ་སྦྱོང་བྱས་པ་རེད།
             གློག་བརྙན་《ལི་པའོ་གོ་》ཞེས་པའི་ནང་ཧོ་པེ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་པའོ་གོ་ཐའེ་ཧང་རི་བོར་ལོ་35ཉིན་གཅིག་ལྟར་གཞི་ཚུགས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་ཀྱི་འཐབ་ས་མདུན་མར་ཡུན་རིང་འབད་འཐབ་བྱེད་པའི་གཏམ་རྒྱུད་ནས་ཁོང་གིས་ཚེ་གང་རིང་རང་ཉིད་ཀྱི་སེམས་ནུས་རི་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་དང་ཚན་རྩལ་དམངས་ཕྱུག་གི་བྱ་གཞག་ལ་བཏོན་ཏེ་རང་དཔེ་གཞན་སྟོན་གྱི་བྱ་སྤྱོད་ལས་གུང་ཁྲན་ཏང་ཡོན་གྱི་གཤིས་རྒྱུད་བཟང་པོ་ཞིག་མངོན་པར་བྱས་ཡོད།
           ལི་པའོ་གོ་སྐུ་འཚོ་བཞུགས་སྐབས་ཐའེ་ཧང་རི་ཁུལ་གྱི་སྣོད་བཅུད་བཅོས་སྐྱོང་དང་མང་ཚོགས་དབུལ་སྒྲོལ་ཡོང་བར་བྱས་ནས་འབྱོར་འབྲིང་དུ་བསྐྱོད་རྒྱུ་ནི་ཚེ་གང་རིང་དོན་དུ་གཉེར་ཡུལ་དུ་བྱས་ཏེ་ལོ་ལྟར་གཞི་རིམ་དུ་ཉིན་200ལྷག་བསྐྱོད་ནས་ཐང་རྒོད་མུའུ་ཁྲི་140སྔོ་འགྱུར་དང་ཞིང་པ་ཁྲི་10ལྷག་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཤིང་། ལོ་ལྟར་ལས་ཀ་ཕོན་ཆེན་བྱས་སྟབས་ངལ་དུབ་ཀྱིས་རྐྱེན་པས་སྙུན་གཞི་ཕོག་སྟེ་2016ལོའི་ཟླ་4ཚེས་10ཉིན་གྱི་ཐོ་རེངས་སུ་དགུང་ལོ་58ལ་ཕེབས་པའི་ཁོང་གློ་བུར་དུ་སྙིང་ནད་ལངས་ནས་མྱུར་སྐྱོབ་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྐུ་གཤེགས་པ་རེད། ལི་པའོ་གོ་སྐུ་གཤེགས་རྗེས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“དུས་རབས་ཀྱི་མིག་དཔེ”སོགས་ཀྱི་མཚན་སྙན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།