འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་བྱང་ཁོ་རེ་ཡར་སླར་ཡང་འཚམས་འདྲི་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། ཨ་རིའི་རྒྱལ་དོན་ཁང་གིས་ཁྱབ་བསྒྲགས་བྱས་པར། རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཟླ་7ཚེས་5ཉིན་ནས་ཚེས་7ཉིན་བར་བྱང་ཁོ་རེ་ཡར་སླར་ཡང་འཚམས་འདྲི་བྱ་རྒྱུ་ཡིན་པ་བཤད་པ་རེད།
            ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་ནོར་ཐ་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ་ཕེང་ཕེ་ཨའོ་ཡིས་ཕོང་དབྱང་དུ་བྱང་ཁོ་རེ་ཡ་ཕྱོགས་དང་ཐུག་འཕྲད་བྱེད་པར་བསྐྱོད་ནས།  མུ་མཐུད་གྲོས་བསྡུར་བྱས་ནས་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་དབར་གྱི་སིང་ཀ་ཕོར་གྱི་ཐུག་འཕྲད་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་རེད།
           གསལ་བསྒྲགས་ནང་དུ་དེའི་རྗེས་སུ་ཕེང་ཕེ་ཨའོ་ཡིས་འཇར་པན་དང་ཝེ་ཐེ་ནམ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ལ་འཚམས་འདྲིར་བསྐྱོད་རྒྱུ་མ་ཟད་པུའུ་ལུའུ་སའེ་ཨེར་བསྐྱོད་ནས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་བྱང་ཆིངས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པར་ཕེབས་རོགས་བྱ་རྒྱུ་ཡིན་པ་རེད།
           ད་ལོའི་ཟླ་5པར། ཕེང་ཕེ་ཨའོ་ཡིས་རྒྱལ་དོན་བློན་ཆེན་གྱི་མིང་ཐོག་ནས་བྱང་ཁོ་རེ་ཡར་འཚམས་འདྲི་ཐེངས་དང་པོ་བྱས་ཞིང་།  དེའི་སྔོན་སྐབས་དེའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་མིང་ཐོག་ནས་ཕེང་ཕེ་ཨའོ་ཡིས་ཟླ་4པར་ཐེ་རོན་ཕུ་ཡི་དམིགས་བསལ་ཕོ་ཉའི་ཐོབ་ཐང་གི་མིང་ཐོག་ནས་གསང་བའི་ངང་བྱང་ཁོ་རེ་ཡར་འཚམས་འདྲི་བྱས་ཡོད།
            ཟླ་6ཚེས་12ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སིང་ཀ་ཕོར་དུ་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱས་པ་དང་། ཚོགས་འདུའི་རྗེས་སུ་ཕྱོགས་གཉིས་པོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། “ཨ་རི་དང་བྱང་ཁོ་རེ་ཡ་འབྲེལ་བ་གསར་པ་འཛུགས་བར”འབད་བརྩོན་བྱ་རྒྱུ་ཡིན་པ་བསྟན་ཡོད།  དེ་བཞིན“་ཁོ་རེ་ཡ་ཕྱེད་གླིང་དུ་ཡུན་རིང་བརྟན་བརླིང་ཞི་བདེའི་སྒྲིག་གཞི་འཛུགས་རྒྱུ”ཡིན་པ་བསྟན་ཡོད།  ཐེ་རོན་ཕུས་བྱང་ཁོ་རེ་ཡའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུའི་ཁས་ལེན་དང་། ཅིན་ཀྲེང་ཨེན་གྱིས“ཁོ་རེ་ཡ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པའི”ཁས་ལེན་བསྐྱར་སྒྲོག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།