འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་བརྟེན་ནས་བོད་ཀྱི་ཚད་
    བརྒལ་སྒྲའི་ཚན་ཁག་གི་སྨན་བཅོས་སློབ་ཁྲིད་ཞིབ་འཇུག་གི་ཆུ་ཚད་ཕྱོགས་ཡོངས་
    ནས་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། རྒྱང་ཁྲིད་ཆ་འཕྲིན་མ་ལག་ལ་བརྟེན་ནས་བར་ཐག་ལེ་དབར་སྟོང་ཕྲག་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཚད་བརྒལ་སྒྲའི་གསོ་རིག་ཚན་ཁག་གི་ཏང་ཀྲི་པུས་ཉིན་ཤས་གོང་རྣམ་པ་གསར་རྐྱང་གི་ཏང་ཀྲི་པུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་ཏང་ཀྲི་པུའི་ཚོགས་འདུའི་ཐོག་པེ་ཅིང་ཞེ་ཧོ་སྨན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཚོགས་ར་གཉིས་བཙུགས་ནས་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཅང་ཡུས་ཤིན་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཝུན་མིང་། པེ་ཅིང་ཞེ་ཧོ་སྨན་ཁང་སྨན་བཅོས་ལག་རྩལ་གྱི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུང་ཏིང་རུང་། ཚད་བརྒལ་སྒྲའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ལི་ཅན་ཁྲུའུ། ཚད་བརྒལ་སྒྲའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་། ཀྲི་པུའི་ལས་ཚབ་ཧྲུའུ་ཅི། ཁག་བཞི་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་མི་བཅས་ཡིན་པའི་ཞ་ཡུས། ཚད་བརྒལ་སྒྲའི་གསོ་རིག་ཚན་ཁག་གི་ཀྲི་པུའི་ཧྲུའུ་ཅི་ཁག་གསུམ་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་མི་ཀྲང་དབྱི་ཤིའུ། ཚད་བརྒལ་སྒྲའི་ཚན་ཁག་གི་ཏང་ཀྲི་པུའི་ཁོངས་མི་དང་དེ་བཞིན་སྐབས་ལྔ་པའི་ཞེ་ཧོ་བོད་ལྗོངས་ཚད་བརྒལ་སྒྲའི་གླེང་སྟེགས་ཀྱི་སློབ་ཁྲིད་རིགས་གཅིག་མཁས་ཅན་པེ་ཅིང་དང་ལྷ་སར་ཚོགས་འདུར་ཞུགས་པ་རེད།
         “སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཐུབ་པ་དང་། བོད་ཀྱི་མི་དམངས་རྣམས་སྒོ་འགྲམ་དུ་སྨན་བཅོས་ཐུབ་པ་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཚད་བརྒལ་སྒྲའི་གསོ་རིག་ཚན་ཁག་གིས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་གཞུང་དྲང་གི་ཐོག་ནས་དམིགས་ཚད་དེའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད”ཅེས་ཅང་ཡུས་ཤིན་གྱིས་བཤད་པ་དང་། ཁོང་གིས་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་ཡག་པོ་བྱེད་པར་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་ལེགས་སུ་གཏོང་དགོས། ཞེ་ཧོ་སྨན་ཁང་ཚད་བརྒལ་སྒྲའི་ཚན་ཁག་གིས་ཚན་ཁག་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་ཏེ་བོད་ཀྱི“རང་བརྟེན་ནུས་པའི”ཆེད་བོད་ཀྱི་ཚད་བརྒལ་སྒྲའི་གསོ་རིག་གི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། ཀྲི་པུའི་ཚོགས་འདུ་གྲོལ་རྗེས་ཞེ་ཧོ་སྨན་ཁང་གི་བོད་སྐྱོད་ཚད་བརྒལ་སྒྲའི་རིགས་གཅིག་ཚོགས་པས་བོད་ཀྱི་ཆུས་དང་རྫོང་ཁག་གི་ཚད་བརྒལ་སྒྲའི་ཚན་ཁག་གི་ཀྲུའུ་རེན་དང་ཚད་བརྒལ་སྒྲའི་ཚན་ཁག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁོའོ་ཧྲི་འཕེལ་རྒྱས་གཏོང་རིང་གི་དཀའ་གནད་དང་ཐག་གཅོད་ཇུས་གཞི་དཔྱད་བསྡུར་གཏིང་ཟབ་བྱེད་པ་དང་ཆབས་ཅིག ཚད་བརྒལ་སྒྲའི་རྨང་གཞིའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱས་པས་སློབ་ཚན་ཉན་མཁན་མི་གྲངས་ཁྲི་12ལྷག་ཙམ་ཟིན་ཡོད་པ་རེད།
         2015ལོར། ཏང་ཀྲུང་དབྱང་གིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་བཏོན་པ་དང་། ཀྲུང་དབྱང་རྩ་འཛུགས་པུའི་གཅིག་གྱུར་སྒྲིག་འཛུགས་དང་མཐུན་སྦྱོར་འོག་པེ་ཅིང་ཞེ་ཧོ་སྨན་ཁང་གིས་རྣམ་གྲངས་དེའི་འགན་འཁུར་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཚད་བརྒལ་སྒྲ་དང་། གྲིབ་བརྙན་ཁོའོ། ན་ལུགས་ན་རྐྱེན། ནད་དཔྱད་སོགས་ལས་སྟེགས་ཁོའོ་ཧྲིར་སྐྲུན་རོགས་བྱས་པ་རེད། ཕྱོགས་གཉིས་ཀྱི་མི་སྣའི་ཐུན་མོང་འབད་བརྩོན་འོག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚད་བརྒལ་སྒྲའི་ཚན་ཁག་ཉིན་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།