འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁའི་རྒྱ་ཚའི་གནས་སྤོས་ཡུལ་མིས་གླུ་དང་ཞབས་བྲོ་འཁྲབ་ནས་བདུན་གཅིག་བསུ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷོ་ཁའི་རྒྱ་ཚའི་གནས་སྤོས་ཡུལ་མིས་གླུ་དང་ཞབས་བྲོ་འཁྲབ་ནས་བདུན་གཅིག་བསུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་གུང་ཁང་གྲོང་ཚོའི་ཁག་གཉིས་པའི་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བྱས་པ་དང་ཏང་དབུ་བརྙེས་ནས་ལོ་ངོ་97འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་སྤེལ་བ་དང་དུས་མཉམ་དུ་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བྱས་པ་ལེགས་འགྲུབ་བྱུང་ཡོད་ཅིང་། ཏང་གི་སྐྱེས་སྐར་ལ་ལྷད་མེད་ཀྱི་སྨོན་ཚིག་ཞུ་ཆེད་མི་1500ལྷག་ཐེངས་འདིའི་འཁྲབ་སྟོན་ལ་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་ལས་ཀ་འགོ་ཚུགས་པ་ནས་བཟུང་། རྒྱ་ཚ་རྫོང་གི་གོང་འོག་ཚང་མས། ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པས། གནས་སྤོ་ཐུབ་པ་དང་། བརྟན་པོའི་ངང་གནས་ཐུབ་པ། ལས་ཀ་བྱེད་ས་ཡོད་པ་དང་ཕྱུག་འགྱུར་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱས་ཡོད་པ་རེད།  སྔ་རྗེས་སུ་གནས་སྤོ་ཁག་གཉིས་བྱས་པ་ལས། དུད་ཚང་369དང་མི་1296གནས་སྤོས་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའང་དབུལ་པོ་ནས་ཕྱུག་པོའི་ལམ་ཐོག་བསྐྱོད་ཡོད་ཅིང་། འབྱོར་འབྲིང་དུ་བསྐྱོད་པའི་རྒྱ་ཆེ་ལ་དྭངས་ཤིང་གཙང་བའི་ཁྱིམ་གཞིས་གསར་པར་སྡོད་རྒྱུ་བྱུང་ནས། འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད་པ་རེད།
    ༄༅།།ལྷོ་ཁའི་རྒྱ་ཚའི་གནས་སྤོས་ཡུལ་མིས་གླུ་དང་ཞབས་བྲོ་འཁྲབ་ནས་བདུན་གཅིག་བསུ་བ།
      

    ཕྱོགས་བསྡུས་གསར་འགྱུར།