འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཚོ་འཇིངས་རིག་ནུས་ཉ་ར་ཆེ་ཤོས་བསྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས། རང་རྒྱལ་གྱི་མཚོ་འཇིངས་རིག་ནུས་ཉ་ར་ཆེ་ཤོས་དེ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཧན་གྲུ་གཟིངས་ཚོགས་པའི་ཆིང་ཏའོ་རྟེན་གཞིར་དངོས་སུ་བསྐྲུན་རྒྱུ་རེད།
             ཟླ་6ཚེས་28ཉིན་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ་ཡུལ་དུ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཧན་གྲུ་གཟིངས་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་མཚོ་འཇིངས་རིག་ནུས་ཉ་ར་དེ་ལས་སྟེགས་3དང་འགན་ལེན་སྒྲིག་བཀོད་1ལས་གྲུབ་པའི་ཉ་ལས་གསོ་ཚགས་སྒྲིག་ཆས་ཆེ་གྲས་ཤིག་ཡིན་པས་ཚ་ཁུལ་མཚོ་ཁོངས་ཀྱི་མཚོ་འཇིངས་སུ་དྲ་སྒམ་ཆེན་པོའི་ནང་ཉ་གསོ་ཚགས་བྱེད་ཐེངས་ཐོག་མ་དེ་ཡིན་ལ། རང་རྒྱལ་གྱིས་ལྷོ་རྒྱ་མཚོར་བསྐྲུན་པའི་མཚོ་འཇིངས་དེང་རབས་ཅན་གྱི་ཉ་ལས་གསོ་ཚགས་རྣམ་གྲངས་དང་པོ་དེའང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
            མིག་སྔར་རང་རྒྱལ་གྱི་དེང་རབས་ཉ་ལས་མཚོ་འཇིངས་སུ་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་ཐེབས་པ་ནི་སྒྲིག་ཆས་ཀྱི་ཆུ་ཚད་དང་ལག་རྩལ་གྱི་ཆུ་ཚད་ཡིན། གང་ལགས་ཞེ་ན། མཚོ་འཇིངས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་ལ་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པས་རེད། དེ་དང་དུས་མཚུངས་མཚོ་འགྲམ་གསོ་ཚགས་བྱས་ནས་ཁོར་ཡུག་ལ་གནོན་ཤུགས་ཆེན་པོ་ཕོག་པ་དེས་སྔོན་ཐོན་གྱི་རིག་ནུས་སྒྲིག་ཆས་དང་མཚོ་འཇིངས་སུ་ཉ་ལས་འཕེལ་རྒྱས་གཏོང་རྒྱུར་རེ་བ་ནན་པོ་བཏོན་ཡོད།
           “རིག་ནུས་ཅན་གྱི་མཚོ་འཇིངས་གསོ་ཚགས་ལས་སྟེགས་དེས་མིག་སྔའི་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་ཀྱི་གནད་དོན་ཐག་བཅད་བྱས་ཡོད” ཧའེ་ནན་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཐིང་གི་ཐིང་ཀྲང་ཝང་ལི་ཧྲེང་གིས་རྒྱ་མཚོའི་འབྲོག་ར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་རྣམ་གྲངས་དེ་སླད་ཕྱིན་ཁྱབ་གདལ་ཆེན་པོ་ཕྱིན་ནས་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་ཁྱོན་ཡོངས་རིམ་སྤོར་དང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རེད། དེས་གཞི་ཁྱོན་ཐོག་ནས་དཔལ་འབྱོར་ཕན་འབྲས་མངོན་འགྱུར་བྱ་རྒྱུ་མ་ཟད། ད་དུང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་ཐད་སྣེ་ཁྲིད་ཀྱི་ནུས་པའང་ཐོན་རྒྱུ་རེད་ཅེས་བཤད།
            ཇུས་འགོད་ཀྱི་འགན་འཁུར་མཁན་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཧན་གྲུ་གཟིངས་ཚོགས་པ་ཧུའུ་པེ་མཚོ་ལས་ཁང་གི་ཡོན་ཀྲང་ཝང་ཡུས་ཀྱིས་རིག་ནུས་ལས་སྟེགས་ཡོངས་ལ་ལས་མི་9ཡིས་འགན་ལེན་སྒྲིག་བཀོད་ནང་རྒྱང་གཅུན་བྱེད་ཆོག ལས་སྟེགས་དེས་རང་འགུལ་ངང་ཉ་གཟན་གསོག་འཇོག་ནས་མཁོ་སྤྲོད་དང་། ཉ་གསོན་པོ་བཟུང་བ། ཤི་ཉ་བསྡུ་ལེན། དྲ་ངོས་གཙང་སེལ། ལས་སྟེགས་ལྟ་སྐུལ་ཚོད་འཛིན་སོགས་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།