འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས"གཡུལ་འགྱེད་ཆེན་པོ་བརྒྱད"འགོ་བརྩམས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་
    སྲུང་ཡོལ་བརྟན་པོ་སྐྲུན་རོགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཆེད། སི་ཁྲོན་ཞིང་ཆེན་གྱིས་སྦགས་བཙོག་འགོག་བཅོས་ཀྱི“གཡུལ་འགྱེད་ཆེན་པོ་བརྒྱད”འགོ་བརྩམས་པ་རེད།
           སི་ཁྲོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་འཁུར་བས“གཡུལ་འགྱེད་ཆེན་པོ་བརྒྱད་པོ”ནི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་། གྲོང་ཁྱེར་གྱི་བཙོག་ཆུའི་མ་ལག་བཅོས་སྐྱོང་། འབྲི་ཆུ་སྲུང་སྐྱོང་དང་སླར་གསོ། ཆུ་འགོ་སྲུང་སྐྱོང་། ཞིང་ལས་ཀྱི་གྲོང་གསེབ་སྦགས་བཙོག་བཅོས་སྒྲིག ཆུ་དྭངས་སྲུང་སྐྱོང་དམག་འཐབ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འགག་སྒྲོལ། “ཟང་ཟིང་དང་སྦགས་བཙོག”ཁེ་ལས་ཀྱི་བཅོས་སྒྲིག་འགག་སྒྲོལ་བཅས་ཀྱི་དམིགས་བསལ་ལས་འགན་ཡིན་ཞེས་བཤད།
           སི་ཁྲོན་ཞིང་ཆེན་གྱིས་2020ལོར་སླེབས་སྐབས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་གི“གཡུལ་འགྱེད་ཆེན་པོ་བརྒྱད”ཀྱི་ཞིབ་ཕྲའི་དམིགས་ཚད་ནི། ཚད་མི་ལོན་པའི་གྲོང་ཁྱེར་གྱི་PM2.5ཡི་ཆ་སྙོམས་གར་ཚད་དེ་དཔྱད་ཞིབ་ཚད་གཞིའི་ལོ(2015)ལས་18%ཆག་ནས་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་83.5%ཟིན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་གཙང་ཆུ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ལོན་ཚད་83%ཟིན་པ་དང་རྒྱལ་ཁབ་87གྱིས་བཤགས་ངོས་ཆུ་སྤུས་ལ་དཔྱད་ཞིབ་བྱས་ཏེ་ཆུ་སྤུས་ལེགས་པའི་བསྡུར་ཚད་ཀྱི་81.6%ཟིན་ནས་Vརིགས་ཞན་སྤུས་ཀྱི་བཤགས་ངོས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)སྲིད་གཞུང་གནས་སའི་ཆུས་རུ་བཙོག་ཆུའི་མ་ལག་སྤྱིའི་ཆ་ནས་བསྐྲུན་ཏེ་ཅུང་འཐུས་སྒོ་ཚང་བའི་བཙོག་ཆུ་གཅིག་བསྡུས་གཙང་གསིང་མ་ལག་དང་གདོང་ལམ་གྱི་མ་ལག་ཆ་ཚང་ཆགས་པར་བྱས་ནས་ཚད་གཞི་ལས་བརྒལ་བའི་བཙོག་ཆུ་མི་འབུད་པ་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁོར་ཡུག་བཅོས་སྒྲིག་བྱས་ཏེ་ཕྱུགས་ལས་དང་བྱ་རིགས་གསོ་ཚགས་ཀྱི་སྦགས་བཙོག་ཕྱོགས་བསྡུས་སྤྱོད་ཚད་75%ཡན་ཟིན་པ་དང་གསང་སྤྱོད་ཁྱབ་གདལ་གཏོང་ཚད་85%ཡན་ཟིན་པ་བྱ་རྒྱུ་བཅས་ཡིན་པ་ཁ་གསལ་བཏོན་ཡོད།
          སི་ཁྲོན་ཞིང་ཨུད་ཀྱི་འགན་འཁུར་བ་གཙོ་བོས“དམག་འཐབ་ཆེན་པོ་བརྒྱད”ཡག་པོ་རྒྱག་སྐབས“མི་བྱེད་པ་བཞི”མི་བྱེད་པ་སྟེ། ལོ་མང་བསགས་པའི་གནད་དོན་ལས་འགན་འཁྲི་གཞན་ལ་མི་དཀྲི་བ་དང་། རྙོག་འཛིང་ཆེ་བ་དང་ཁེ་ཕན་མེད་པ་ལས་མི་གཡོལ་བ། དཔལ་འབྱོརགྱོང་གུན་ཆུང་ངོ་བཟོ་བ་དང་བློས་གཏོང་ངེས་ཅན་བྱེད་དགོས་བྱུང་བ་ལས་ཕྱིར་འཐེན་མི་བྱེད་པ། བཅོས་སྒྲིག་དུས་ཚོད་རིང་པོ་བྱས་ནས་ནུས་པ་མགྱོགས་པོ་མི་ཐོན་པ་ལས་ནར་འགྱངས་མི་བྱེད་པ་བཅས་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།