འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་འདབས་སུ་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ནས་ཏང་གི་འཁྲུངས་
    སྐར་ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་30ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་དིང་རི་རྫོང་ལྷོ་གཞས་རིག་གནས་ཐང་ཆེན་ཐོག“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”ཞེས་པའི་བདུན་གཅིག་གི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་གཟབ་རྒྱས་གཉེར་བ་དང་། བོད་རིགས་མང་ཚོགས་ཆིག་སྟོང་ཙམ་གྱིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་འདབས་སུ་གླུ་ལེན་གར་འཁྲབ་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་97འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         དིང་རི་རྫོང་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧོ་ཅིན་ཧྥུང་གིས“མང་ཚོགས་རང་བཞིན་གྱི་བྱེད་སྒོ་འདི་འདྲ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་འདུ་ཤེས་བཞི་ཟབ་ཏུ་ཕྱིན་པ་དང་། གདེང་ཚོད་བཞི་བརྟན་དུ་ཕྱིན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དཔའ་ངར་ཆེར་སྐྱེད་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།