འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དམངས་ཁྲོད་སྒྱུ་རྩལ་པའི་གོ་མིང་དཔྱད་ཞིབ་ཚད་གཞི་ལྷུག་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་གོ་མིང་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་བསམ་འཆར་བཏོན་ནས། དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་ཤེས་ལྡན་པ་དང་། སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་ཤེས་ལྡན་པ། བོད་ཀྱི་དམངས་ཁྲོད་གསོ་བ་རིག་པའི་ཤེས་ལྡན་པ། ཞིང་འབྲོག་ཤེས་ལྡན་པ་བཅས་དམིགས་བསལ་གྱི་ཤེས་ལྡན་པར་བརྩིས་ནས་གོ་མིང་དཔྱད་ཞིབ་ནང་འཇུག་པ་དང་ཆབས་ཅིག་དེ་དག་གི་དབྱིན་ཡིག་དང་དཔྱད་རྩོམ་ལའང་གཅིག་གྱུར་གྱི་རེ་བ་འདོན་རྒྱུ་མིན་པ་སྔོན་ལ་ལག་བསྟར་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བས། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱུན་འཛིན་དང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ད་རེས་ཀྱི་ལག་བསྟར་བསམ་འཆར་ནང་སྔོན་ཆད་གོ་མིང་དཔྱད་ཞིབ་བྱེད་པའི་ཁྲོད་དཔྱད་རྩོམ་དང་དབྱིན་ཡིག་གི་རེ་བ་དེ་རིམ་བཞིན་མེད་པ་བཟོས་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དབར་ཧེ་བག་མེད་པའི་གདེང་འཇོག་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། ཐབས་ཤེས་རྩེར་སོན་དང་། ལེགས་སྐྱེས་མངོན་གསལ་དོད་པའི་རྒྱུན་འཛིན་པ་དང་ཞིང་འབྲོག་ཤེས་ལྡན་པར་ཆ་མཚོན་ན། འཇོན་ཐང་དང་། ཆུ་ཚད། བྱས་རྗེས་བཅས་ལ་གཞིགས་ནས་རྩོད་ལན་དཔྱད་གདེང་དང་། བྱས་རྗེས་འགྲེམས་སྟོན། དཔྱད་ཞིབ་འོས་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་གོ་མིང་གི་ཞིབ་དཔྱད་གཏན་འཁེལ་ནང་ཞུགས་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།