མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་སྤྲིངས་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་
འདུ་སྐབས་31པ་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་རི་ཐ་ནི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུ་སྐབས་31པ་འཚོགས་པར་གློག་འཕྲིན་སྤྲིངས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ལ་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་གི་མནའ་འབྲེལ་ནི་ཨ་ཧྥེ་རི་ཁ་གླིང་མཉམ་ལས་ཀྱི་རང་སྟོབས་རང་སྤེལ་གྱི་དར་ཆ་ཞིག་རེད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཡོང་བར་སྐུལ་མ་ཧུར་ཐག་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་མུ་མཐུད་སྐད་སྒྲ་གཅིག་མཚུངས་བྱེད་པའི་སྒོ་ནས་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བཞིན་ཡོད་པས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་སྣེ་ཁྲིད་དེ་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འདི་ལོའི་ཟླ་9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་གི་དབུ་ཚོགས་འཚོག་རྒྱུ་རེད། ཚོགས་འདུས“མཉམ་ལས་གཉིས་ཕན་ངང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་སྔར་བས་དམ་ཟབ་ཅིག་ཕྱར་བ་གྲུ་འདེགས་ངང་གཏོད་རྒྱུ”བརྗོད་གཞིར་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དབུ་ཚོགས་ཀྱི་བརྗོད་གཞི་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》དང་དེ་བཞིན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་བཅས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ངས་ཨ་ཧྥེ་རི་ཁ་གླིང་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་པེ་ཅིང་དུ་མཛད་སྒོ་གཟབ་རྒྱས་ལ་ཞུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་གསུངས་གནང་བ་རེད།