འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭར་མ་དངུལ་
    སྒོར་དུང་ཕྱུར་100ལྷག་བཏང་བས་སྲུང་སྐྱོང་གི་ཕན་འབྲས་རགས་ཙམ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་བསྟར་བྱས་པའི་ལོ་ལྔའི་རིང་རྒྱལ་ཁབ་ཀྱིས་ས་ཁུལ་དེར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་ཡོད། མིག་སྔར་ས་གནས་དེ་གའི་སྣོད་བཅུད་བརྟན་པོའི་ངང་སླར་གསོ་ཐུབ་ནས་སྲུང་སྐྱོང་གི་ཕན་འབྲས་རགས་ཙམ་ཐོན་བཞིན་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ་ཆུ་རྩ་གསོ་འཁྱོངས་ཁུལ་ཡང་ཡིན། དུས་རབས་20པའི་དུས་མཇུག་ཏུ་མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་ས་གནས་དེ་གའི་སྣོད་བཅུད་རིམ་བཞིན་ཉམས་ཞན་དུ་སོང་ཡོད། 2005ལོར། རང་རྒྱལ་གྱིས་དུས་ཡུན་ལོ་དགུའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་འགོ་བཙུགས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་76.5བཏང་བས་ས་ཁུལ་དེའི་སྣོད་བཅུད་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་ཡོད། 2014ལོའི་ཟླ་དང་པོར། མ་འཇོག་བྱེད་ཤུགས་དེ་བས་ཆེ་བ་དང་ཚད་གཞི་དེ་བས་ནན་པའི་དུས་ཐེངས་གཉིས་པའི་ལས་གྲྭ་མུ་མཐུད་ལས་འགོ་བཙུགས་ནས་སྣོད་བཅུད་སླར་གསོ་དང་བཅོས་སྒྲིག་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་39.5ཟིན་ཡོད།
         ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོ་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་7གཤམ་སྤྲོད་བྱས་པ་དག་འདི་ལོའི་ས་ནག་གྲམ་ཐང་བཅོས་སྒྲིག་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། བྱེ་ས་ཅན་འགོག་བཅོས་སོགས་ཀྱི་རྣམ་གྲངས་ལ་སྤྱོད་རྒྱུ་རེད། མིག་སྔའི་བར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭར་རིམ་རྩིས་བྱས་ན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་104.11ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།