འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལྕགས་ལམ་ཐོག་དབྱར་ཁའི་གུང་གསེང་རིང་གི་སྐྱེལ་འདྲེན་བྱེད་འགོ་བཙུགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་ཐོག་དབྱར་ཁའི་གུང་གསེང་རིང་གི་སྐྱེལ་འདྲེན་བྱེད་འགོ་བཙུགས་ནས་མེ་འཁོར་གྱི་འཁོར་སྐྱོད་ཇུས་འགོད་གསར་པ་དང་དབྱར་ཁའི་གུང་གསེང་རིང་གི་ཇུས་འགོད་ལག་བསྟར་བྱེད་འགོ་བཙུགས་པ་རེད། ལྕགས་ལམ་སྡེ་ཚན་གྱིས་ཇུས་འགོད་ལེགས་སྒྲིག་བྱེད་པ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཞབས་ཞུའི་བྱེད་ཐབས་མང་པོ་སྤྱད་དེ་ཡུལ་སྐོར་བར་སྔར་བས་སྟབས་བདེ་བསྐྲུན་རྒྱུ་དང་ཡུལ་སྐོར་བའི་ཐོབ་ཚོར་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         གཅིག་ནས་ལམ་ཐིག་གསར་པ་གཉིས་ཤར་གཏོང་བྱས་ཏེ་འཁོར་སྐྱོད་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་། ལྕགས་ལམ་སྡེ་ཚན་གྱིས་ཟླ་7ཚེས་1ཉིན་ཤར་གཏོང་བྱས་ནས་འཁོར་སྐྱོད་གཉེར་སྐྱོང་བྱེད་འགོ་བཙུགས་པའི་ཁུན་མིང་ནས་ཁྲུའུ་ཞུང་བར་དང་དེ་ནས་ཏ་ལི་དང་ཅང་མོན་བར། དེ་ནས་ཀྲན་ཅང་བར་གྱི་ལྕགས་ལམ་འཁོར་སྐྱོད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། ས་ཁོངས་ནང་ཡུལ་སྐོར་དུ་སྐྱོད་པའི་དུས་ཚོད་སྔར་བས་ཐུང་དུ་གཏོང་རྒྱུ་ཡིན་པ་དང་། ཀོང་ཀྲོའུ་ནས་མའོ་མིང་དང་ཀྲན་ཅང་བར་མགྱོགས་ཤོས་ལ་ཆུ་ཚོད་2དང་སྐར་མ་50ནས་ཆུ་ཚོད་3བར་ལ་སླེབས་ཀྱི་ཡོད་པས། ཀྲན་ཅང་དང་། མའོ་མིང་། དབྱང་ཅང་བཅས་ཀོང་ཏུང་ནུབ་རྒྱུད་གྲོང་ཁྱེར་གསུམ་ལ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཀོང་ཏུང་ནུབ་རྒྱུད་ས་ཁུལ་གྱི་མི་དམངས་རྣམས་སྔར་བས་སྟབས་བདེའི་སྒོ་ནས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་དང་འཚོ་བའི་བར་མཐོངས་སུ་མཉམ་འདྲེས་ཐུབ་རྒྱུ་ཡིན་པ་དང་།
         གཉིས་ནས“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གཏོང་བའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཉིན་རེར་གཏོང་གྲངས་ཆ་114.5ནས་ཆ་170.5བར་མང་དུ་བཏང་ནས་ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་བའི་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་23ལ་ཤར་གཏོང་ཐུབ་རྒྱུ་དང་། པེ་ཅིང་དང་ཧྲང་ཧའེ་བར་ལ་འཁོར་སྒྲོམ་16སྒྲིག་པའི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་3 ཐོག་མར་གཏོང་རྒྱུ་དང་། དེ་རྗེས་འཁོར་སྒྲོམ་16སྒྲིག་པའི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་བཀོད་སྒྲིག་བྱས་ནས་པེ་ཅིང་དང་ཀོང་ཏུང་མྱུར་བགྲོད་ལྕགས་ལམ་དང་། ཧྲང་ཧའེ་དང་ཁུན་མིང་མྱུར་བགྲོད་ལྕགས་ལམ་སོགས་ཀྱི་ལམ་ཐིག་ཐོག་གཏོང་རྒྱུ་ཡིན་པ།
         གསུམ་ནས་སྐྱེལ་འདྲེན་བྱེད་ཤུགས་ཀྱི་བཀོད་སྒྲིག་གནས་ཚུལ་ཐོན་རིམ་བཞིན་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ཤུགས་འགྲེམས་མེ་འཁོར་ཁྲོམ་ར་ཅན་ལྟར་གཏོང་བའི་ཇུས་གཞི་ལག་བསྟར་བྱས་ནས་ནམ་རྒྱུན་གྱི་ཇུས་འགོད་དང་། གཟའ་མཇུག་གི་ཇུས་འགོད། ཡུལ་སྐོར་བ་མང་ཤོས་སྐབས་ཀྱི་ཇུས་འགོད་བཅས་བཀོད་སྒྲིག་གིས་གཟའ་མཇུག་གི་ཇུས་འགོད་ཐད་ནམ་རྒྱུན་གྱི་ཇུས་འགོད་ལས་ཤུགས་འགྲེམས་མེ་འཁོར་ཆ་193མང་དུ་གཏོང་རྒྱུ་དང་། ཡུལ་སྐོར་བ་མང་ཤོས་སྐབས་ཀྱི་ཇུས་འགོད་ཐད་གཟའ་མཇུག་གི་ཇུས་འགོད་ལས་ཤུགས་འགྲེམས་མེ་འཁོར་ཆ་364མང་དུ་གཏོང་རྒྱུ་ཡིན་པ།
         བཞི་ནས་ཤུགས་འགྲེམས་མེ་འཁོར་གཏོང་གྲངས་མང་དུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཤུགས་འགྲེམས་མེ་འཁོར་120མང་དུ་བཏང་ནས་འཁོར་སྐྱོད་གཉེར་སྐྱོང་བྱ་རྒྱུ་དང་། ཞུས་ཀྲོའུ་ནས་ལན་ཀྲོའུ་བར་དང་། ཤིས་ཨན་ནས་ཁྲེང་ཏུའུ་བར། ནན་ཉིང་ནས་ཀོང་ཀྲོའུ་བར། ཀུའེ་དབྱང་ནས་ཀོང་ཀྲོའུ་བར། ཁྲུང་ཆིང་ནས་ཀུའེ་དབྱང་བར། ཁྲེང་ཏུའུ་ནས་ཁྲུང་ཆིང་བར། ཧོ་ཕེ་ནས་ཕུའུ་ཀྲོའུ་བར། ནན་ཉིང་ནས་ཁྲེང་ཏུའུ་བར་སོགས་སུ་ཤུགས་འགྲེམས་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ།
         ལྔ་ནས་སྐྱེལ་འདྲེན་གྱི་ལས་ཆོད་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ནན་ཅིང་ནས་ཝུའུ་ཧན་བར་དང་། ལིའུ་ཀྲོའུ་ནས་ནན་ཉིང་བར་གྱི་མྱུར་བགྲོད་མེ་འཁོར་གྱིས་ཆུ་ཚོད་རེར་སྤྱི་ལེ་250ཡི་མྱུར་ཚད་ཐོག་ནས་འཁོར་སྐྱོད་གཉེར་སྐྱོང་བྱེད་རྒྱུ་དང་། ཀོང་ཤིས་ཀྱི་ལྟེ་བའི་གྲོང་ཁྱེར་གཉིས་དབར“ཆུ་ཚོད་གཅིག་རིང་གི་མྱུར་བགྲོད་ལྕགས་ལམ་འགྲིམ་འགྲུལ་གྱི་བར་འཁྱམས”སུ་དངོས་སུ་སླེབས་པ། ཝུའུ་ཧན་དང་ཧྲང་ཧའེ་དབར་ལམ་ཐག་ཧྲིལ་པོར་ཆུ་ཚོད་4ཡིན་པའི“ས་ཚིགས་ཆེ་མོའི་མྱུར་བགྲོད་མེ་འཁོར”8བཏང་ནས་མེ་འཁོར་འཁོར་སྐྱོར་བྱེད་པའི་དུས་ཚོད་ཐུང་ཤོས་ལ་ཆུ་ཚོད་3དང་སྐར་མ་51ཐུང་དུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།