འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བ་མང་བའི་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་
    ཀྱི་དུས་བབ་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་རྒྱུ་འགན་ལེན་བྱས་ཏེ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་བྱ་རྒྱུར་སྔར་བས་ཤུགས་སྣོན་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག གཞུང་ལམ་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དམིགས་བཅོས་སྒྲིག ཡུལ་སྐོར་བ་མང་བའི་དུས་འགྲུལ་བཞུད་ཁ་འགྲེམས་དང་ཤར་བགྲོད་ཡོང་བར་བྱེད་པ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་མཉམ་དུ་མཚོ་ནུབ་དང་མཚོ་བྱང་གི་ཡུག་འབྲེལ་ཁུལ་དང་རྨ་ལྷོ་དང་། མགོ་ལོག ཡུལ་ཤུལ་གྱི་ཡུག་འབྲེལ་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
            བཀོད་སྒྲིག་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ཐིང་གིས་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་གཞུང་ལམ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། གཞུང་ལམ་ཉེན་རྟོག་པ་མཉམ་འགུལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་བ་མང་བའི་དུས་ཀྱི་ཁ་འགྲེམས་དང་ཤར་བགྲོད་ལས་དོན་ལ་སྐུལ་མ་གཏོང་བ། མི་ཚད་ལས་བརྒལ་ནས་བླུགས་པ་དང་མྱུར་ཚད་ལས་བརྒལ་ནས་གཏོང་བའི་རླངས་འཁོར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་ལྔའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བརྟན་པོ་ཡོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་སྦྲགས་དཀའ་ངལ་ལ་གཡོལ་ཐབས་ཀྱི་བསམ་པ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཁར་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལས་དོན་ལ་འཕྲད་པའི་ཛ་དྲག་གི་གནས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་སྒྲུབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཚད་དེ་སྤྱི་བདེའི་ལས་དོན་ཡག་པོ་སྒྲུབ་མིན་གྱི་ཚད་འཇལ་དང་ཞིབ་བཤེར་བྱེད་ཡུལ་གྱི་ཚད་གཞི་མཐོ་ཤོས་སུ་ཐོག་མཐའ་བར་གསུམ་དུ་རྩི་བ། སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དབྱར་ཁར་ཡུལ་སྐོར་བ་མང་བའི་སྐབས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཆོས་ཉིད་དང་ཁྱད་ཆོས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱེད་པ། ད་ལྟ་སྤེལ་བཞིན་པའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་ཞིབ་བཤེར་གྱི་གཟའ་མཇུག་གི་གཅིག་གྱུར་བྱ་སྤྱོད། མི་ཚད་ལས་བརྒལ་ནས་བླུགས་པ་དང་མྱུར་ཚད་ལས་བརྒལ་ནས་གཏོང་བའི་རླངས་འཁོར་མཉམ་འབྲེལ་བཅོས་སྒྲིག་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་པའི་སྒོ་ནས་ཉེན་རྟོག་པ་ཡོངས་སྐུལ་སློང་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།