འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་6པ་ནས་བཟུང་ཚྭ་འདམ་གཤོང་སར་ཆར་པ་འབབ་པའི་ཉིན་གྲངས་ལོ་རྒྱུས་ཀྱི་དུས་མཚུངས་
    ལས་ཨང་གཉིས་པར་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་6པ་ནས་བཟུང་ཚྭ་འདམ་གཤོང་སར་ཆར་པ་འབབ་པའི་ཉིན་གྲངས་རྒྱུན་གཏན་ལས་ཅུང་མང་དུ་ཕྱིན་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།
            མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ལྟ་སྐུལ་ཚད་ལེན་གྱི་དཔྱད་ཡིག་ལས་མངོན་པར་གཞིགས་ན། ཟླ་6ཚེས་1ཉིན་ནས་ཚེས་23ཉིན་བར་ཚྭ་འདམ་གཤོང་སའི་ཆ་སྙོམས་ཆར་འབབ་ཉིན་གྲངས་ནི་ཉིན་8.8ཡིན་པ་དེ་རྒྱུན་གཏན་གྱི(ཉིན་5.5)དང་བསྡུར་ན་ཉིན་3.3གྱིས་མང་བ་དང་། 1989ལོའི་དུས་མཚུངས་ཀྱི་ཉིན་11.3དང་ཧ་ལམ་མཚུངས་པས་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཨང་གཉིས་པ་ཡིན་པ་རེད།
           དེའི་རིང་ཚྭ་འདམ་གཤོང་སའི་ས་ཆ་ཁག་གི་ཆར་པ་འབབ་པའི་ཉིན་གྲངས་ནི་ཉིན་2ནས་15བར་ཡིན་པའི་ནང་ནས་གཏེར་ལེན་ཁའི་ཆར་པ་འབབ་པའི་ཉིན་གྲངས(ཉིན་15)ནི་ལོ་རྒྱུས་ཀྱི་དུས་མཚུངས་ལས་མང་ཤོས་ཡིན་པ་དང་། ཚྭ་འདམ་ཆེ་བ་ནི་ལོ་རྒྱུས་དུས་མཚུངས་ཀྱི་ཨང་གཉིས་པར་སླེབས་པ། མང་ཡ་དང་། ཚྭ་ཁ། ཞའོ་ཙའོ་ཧུའོ་བཅས་ནི་ལོ་རྒྱུས་དུས་མཚུངས་ཀྱི་ཨང་གསུམ་པར་སླེབས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།