འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་འཁོར་གྱི“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད”ཅེས་པ་བརྗོད་
    དོན་གཙོ་བོར་བྱས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་དྲ་འཕྲིན་གཞུང་དོན་ཁང་གིས་《2018ལོའི་ལོ་འཁོར་གྱི“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད”ཅེས་པའི་ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དྲ་འཕྲིན་སྡེ་ཚན་གྱིས་བུད་མེད་དྲ་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱི་འདུ་ཤེས་དང་། འགན་འཁྲི་ཁུར་ཕོད་པའི་འདུ་ཤེས། ཁྲིམས་བཞིན་དྲ་ཞུགས་ཀྱི་འདུ་ཤེས། ཡ་རབས་དྲ་ཞུགས་ཀྱི་འདུ་ཤེས། རྩལ་ནུས་མཐོར་གཏོང་གི་འདུ་ཤེས། དྲ་བའི་བདེ་འཇགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་དྲ་ཐོག་གི་དྲང་ནུས་དར་སྤེལ་གཏོང་བ་དང་དྲ་རྒྱའི་བར་མཐོངས་གཙང་མ་བཟོ་རིང་བུད་མེད་ཀྱི་ནུས་པ་མངོན་པར་བྱེད་དགོས།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དྲ་འཕྲིན་གཞུང་དོན་ཁང་གིས། “བུད་མེད་དྲ་དམངས་ཡག་པོ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར་སྐུལ་འདེད་གཏོང་བའི་ཁྲོད“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བ་དང་། བུད་མེད་དྲ་དམངས་ལ“བུད་མེད་དྲ་དམངས་ཡག་པོ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཤེས་རྟོགས་དང་ངོས་འཛིན་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་དང་། དྲ་རྒྱའི་བྱང་ཚད་སློབ་གསོའི་ཁྲོད་ཀྱི་བུད་མེད་དྲ་དམངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བུད་མེད་ཀྱི་དྲ་རྒྱའི་བདེ་འཇགས་དང་། ཡ་རབས་དྲ་ཞུགས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པ། དྲ་རྒྱའི་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་པ། ཡང་དག་པའི་སྒོ་ནས་དྲ་རྒྱའི་ཆ་འཕྲིན་ཤན་འབྱེད་བྱེད་པ་སོགས་ཀྱི་ནང་དོན་ལ་གཅོ་བོར་དམིགས་ནས“བུད་མེད་དང་དྲ་རྒྱ”ཞེས་པའི་ཡོངས་བསྒྲགས་སློབ་ཚན་རབ་དང་རིམ་པ་མུ་མཐུད་སྤེལ་དགོས་པ། “བུད་མེད་དྲ་དམངས་ཡག་པོ་བརྒྱ་ཡི་གཏམ་རྒྱུད”ཅེས་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས“བུད་མེད་དྲ་དམངས་ཡག་པོའི་གཏམ་རྒྱུད”ཅེས་པའི་སྐོར་སྐྱོད་མཉམ་སྤྱོད་ཚོགས་འདུ་འཚོགས་ཏེ་རྒྱ་ཆེའི་དྲ་དམངས་ལ་བུད་མེད་དྲ་རྒྱའི་དྲང་ནུས་ཐོན་རྫས་དེ་བས་མང་བ་སྒྲིག་བཟོ་དང་ཐོན་སྐྱེད་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས་པ་བཅས་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་7.72ལྷག་ཙམ་ཟིན་ཡོད་པ་དང་། དེའི་ནང་བུད་མེད་དྲ་དམངས་ཀྱིས་47.4%བཟུང་ཡོད་པས། བུད་མེད་ནི་རང་རྒྱལ་གྱི་དྲ་རྒྱའི་སྤྱི་ཚོགས་འཛུགས་སྐྲུན་དང་དྲ་རྒྱའི་སྤྱི་ཚོགས་བཅོས་སྒྲིག་ལ་ཞུགས་མཁན་དང་ཕན་པ་ཐོབ་མཁན་གཙོ་བོར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།