འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི"མངོན་མེད་ཀྱི་ཨང་དང་པོ"མངོན་ཆེའི་ངང་ཐོན་ནས་
    ཐོན་ལས་རིམ་སྤོར་ལ་ཁྲིད་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པར“བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་བར། “བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོའི་དཔེ་སྟོན་ཁེ་ལས”ཀྱི་མིང་ཐོ་ཁྱབ་བསྒྲགས་ཁག་གཉིས་བྱས་པ་རེད། དཔེ་སྟོན་ཁེ་ལས་ཕུད་ད་དུང་གསོ་སྐྱོང་ཁེ་ལས་70ལྷག་ཙམ་ཁྱབ་བསྒྲགས་ཀྱང་བྱས་པ་དང་། ཁེ་ལས་ཕུད་ཁག་གཉིས་པར་ད་དུང་རྣམ་གྲངས་རྐྱང་པའི་ཨང་དང་པོའི་ཐོན་རྫས་35ཡང་ཁྱབ་བསྒྲགས་བྱས་པ། སླད་ཕྱིན་མུ་མཐུད་ཁྱབ་བསྒྲགས་བྱ་རྒྱུ་རེད།
            བཟོ་འཕྲིན་པུའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲང་ཧྥུང་གིས་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོས་གོ་ལ་ཧྲིལ་པོའི་ཞིབ་དབྱེའི་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་ཤོས་དང་ཁྲོམ་རའི་དངོས་ཤུགས་ཆེ་ཤོས་ཀྱི་ཚབ་བྱེད་ཀྱི་ཡོད་པས་བཟོ་སྐྲུན་ཁེ་ལས་ཀྱི་ཨང་དང་པོ་དང“ཀྲུང་གོའི་བཟོ་སྐྲུན”གྱི་དཔེ་སྟོན་པ་ཞིག་ཡིན་པ་རེད། ཁེ་ལས་དེ་དག་གི་མིང་ཁྱབ་བསྒྲགས་བྱས་པ་དེས་ཁེ་ལས་ཀྱི་སྣེ་འཁྲིད་དེ“ལོ་བཅུར་རལ་གྲི་གཅིག་བརྡར་བའི”སྙིང་སྟོབས་གཏོད་དེ་གསར་གཏོད་དང་སྤུས་ཚད་མཐོར་གཏོང་ལ་དོ་སྣང་བྱས་ནས“རྣམ་གྲངས་རྐྱང་པའི་ཨང་དང་པོ”དེ་བས་མང་བས་ཀྲུང་གོའི་སྣེ་འཁྲིད་དེ་འཛམ་གླིང་ཐོག་བསྐྱོད་ཐུབ་པ་བྱེད་དགོས་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།